18046
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམ་པ་འདི་བ་ཆེན་པོ་ཧོར་གྱི་ཡུལ་ཁལ་ཁའི་ཕྱོགས་སུ་འཁྲུངས། གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དང་དུས་མཉམ་པར་མཁས་པ་ཀུན་ལ་གྲགས་ཆེ། བོད་ཡུལ་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་རྣམས་ལ་ཐུགས་གཉེར་གྱིས་མཁས་གྲགས་ཤིན་ཏུ་ཆེ། བསྟན་དར་ལྷ་རམས་པ་དང་འཛིན་གྲྭ་གོང་འོག་ཡིན་སྟབས་འཛིན་གྲྭ་གཏུག་སྐབས་ཁོང་གཉིས་ཀྱི་ལུང་རིགས་ཀྱི་རྩལ་སྟག་སེང་ཁ་འཐབ་པ་ལྟ་བུ་ངོ་མཚར་བ་ཡོད་སྐད། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་འདི་བའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་འཁྲུངས་པར་ལུང་བསྟན་གནང། དགེ་བཤེས་དམ་འཇོག་གྲུབ་རྗེས་རང་ཡུལ་དུ་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། གསུང་རྩོམ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་ཡིག་ཆའི་མཆན་འགྲེལ་རྒྱས་པ་སོག་མཆན་གསེར་གྱི་ལྡེ་མིག་དང་དམ་པའི་ཆོས་མངོན་པ་མཛོད་ཀྱི་དོགས་དཔྱོད་བློ་གསལ་དགའ་སྐྱིད་སོགས་པོད་ལྔ་ཙམ་བཞུགས། |