18049
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་བ་ནང་སོག་ཏུ་འཁྲུངས། སྐུ་ཚེ་སྟོད་ལ་བཤན་པའི་ལས་ལ་ཞུགས། ཉིན་ཞིག་བཤས་གྲི་ལུག་ཅིག་གིས་ས་ལ་སྦས་ཏེ་སྟེང་དུ་ཉལ་བ་་མཐོང་བས་ཐུགས་འགྱོད་དེ་རི་བོ་རྩེ་ལྔ་དང་མདོ་སྨད་སྐུ་འབུམ། དབུས་གཙང་བལ་ཡུལ་སོགས་སུ་བརྒྱངས་ཕྱག་འཚལ་ཏེ་ཕེབས། བལ་ཡུལ་ནས་ཨེ་བླ་མ་རིན་པོ་ཆེ་ལས་གཅོད་ཀྱི་དབང་དང་ཁྲིད་སོགས་གསན། དུར་ཁྲོད་བརྒྱ་རྩ་དང་ཆུ་མིག་བརྒྱ་རྩ་སོགས་གཉན་ཁྲོད་རྣམས་འགྲིམ་པར་མཛད། སྟོད་ལུང་ཤར་ངོས་རི་རྩེའི་ཆོས་མཛད་གླིང་རི་ཁྲིད་དུ་བཞུགས་སྐབས་ཕྱོགས་ནས་གཅོད་དབང་ཞུ་མཁན་མང་དུ་ཕེབས་པས་ཆོས་མཛད་གླིང་བླ་མ་རིན་པོ་ཞེས་གྲགས་པ་འབར། སྐྱབས་རྗེ་རྨོག་ལྕོག་རིན་པོ་ཆེས་འདི་བ་ལས་གཅོད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་གསན། འཁྲུངས་འདས་གསལ་བོ་མ་རྙེད། |