From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ (1)
| Part of speech
|
མིང་ཚིག
|
| Definition
|
སྒྲུབ་ངག་ཡང་དག་ལ་གཉིས་སུ་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད། རྒོལ་བ་རང་གིས་ཚད་མས་གྲུབ་པའི་ཕྱོགས་ཆོས་དང་ལྡོག་ཁྱབ་ཕྱིར་རྒོལ་ལ་དངོས་སུ་ལྷག་ཆད་མེད་པར་སྟོན་པའི་ངག་ཡན་ལག་གཉིས་ལྡན།
|
| Example
|
གང་རྟག་པ་མ་བྱས་ནམ་མཁའ་བཞིན་སྒྲ་ནི་བྱས་སོ་ཞེས་པའི་ངག་ལྟ་བུའོ། །ཞེས་གསུངས།
|
| Domain
|
ཚད་མ།
|
ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཅེས་པ་ནི། ཕྱོགས་ཆོས་དང་ལྡོག་ཁྱབ་དངོས་སུ་བརྗོད་ཅིང་རྗེས་ཁྱབ་ཤུགས་ལ་བརྗོད་པའི་སྒྲུབ་ངག་ཡང་དག་ཅིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། གཉིས་པ་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ལ་ཡང་སྔར་ལྟར་གཉིས་ལས། དང་པོ་ནི། སྒྲ་ནི་བྱས། མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན་ཞེས་པ་དང་པོ་དང། གཉིས་པ་ནི། མི་རྟག་པ་མིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ཡང་བྱས་སོ། །ཞེས་པའི་སྒྲུབ་ངག་ལྟ་བུའོ། །སྒྲུབ་ངག་དེ་གཉིས་ཀྱི་ཚུལ་གསུམ་བསྟན་ཚུལ་ནི། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེ་ལ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ནི། རྗེས་ཁྱབ་དངོས་སུ་བརྗོད་ནས་ལྡོག་ཁྱབ་ཤུགས་ལ་བརྗོད་ལ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་ལྡོག་ཁྱབ་དངོས་སུ་བརྗོད་ཅིང་། རྗེས་ཁྱབ་ཤུགས་ལ་བརྗོད་པས་གཉིས་ཀས་ཀྱང་ཕྱོགས་ཆོས་དངོས་སུ་བརྗོད་པ་ནི་ཁྱད་པར་མེད་དོ། །ཞེས་གསུངས་པ་ལྟར་རོ། །ཞེས་གསུངས།
|