1806

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་གཞི་གསུམ་ (1)
Part of speech མིང་ཚིག
Definition ཀུན་གཞི་ལ་གསུམ། ཆོས་ཉིད་དོན་གྱི་ཀུན་གཞི་དང་། འདུན་པ་བག་ཆགས་ཀྱི་ཀུན་གཞི་དང་། སྦྱོར་བ་འདུན་པའི་ཀུན་གཞིའོ། །ཆོས་ཉིད་དོན་གྱི་ཀུན་གཞི་ནི་སེམས་ཉིད་གདོད་མ་ནས་དག་ཅིང་སྟོང་པ་ཉིད་ཡིན་ལ། ཀུན་གཞི། ཡེ་ཤེས་དེ་ཉིད་དོན་དམ་གྱི་ས་དང་། བདེ་གཤེགས་སྙིང་པོ་དང་། དེ་བཞིན་ཉིད་དང་། དོན་དམ་གྱི་དགེ་བ་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་དང་། སྒོམ་བྱའི་སྟོང་ཉིད་ཟབ་མོ་ཡིན་ པར་གསལ་བར་གསུངས་སོ། །
Domain ཆོས་ལུགས།