18063
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོ་ལ་དགེ་སློབ་མས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་ཞུས་པ་ན། གལ་ཏེ་ཁོ་མོ་ལ་གོས་བྱིན་ན། དེའི་འོག་ཏུ་ཁྱོད་བསྙེན་རྫོགས་བྱའོ་ཞེས་སྨོས་པ་ལས་སོ། །དགག་བྱ་ནི་ཆོས་འཚོང་བ་ལས་ལོག་འཚོ་དང་ལྡན་པར་འགྱུར་བའོ། །གལ་ཏེ་ཁོ་མོ་ལ་ཁྱོད་བསྙེན་རྫོགས་བྱེད་པའི་བརྔན་པ་གོས་སྦྱིན་པ་ལྟ་ན་དེའི་ཕྱིར་ཁྱེད་བསྙེན་རྫོགས་བྱའོ་ཞེས་བསྙེན་རྫོགས་སྡོམ་པ་ལེན་འདོད་པ་ལ་དེ་སྐད་ཟེར་བ་ལས། ཕ་རོལ་པོ་དེས་དོན་གོ་ན་ལྟུང་བྱེད་དུ་འགྱུར་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། མཁན་མོས་ཁོ་མོ་ལ་གོས་སྦྱིན་པ་ལ་སོགས་པའི་བསྙེན་བཀུར་བྱེད་ན། བསྙེན་པར་རྫོགས་པ་བྱའོ། །ཟེར་བ་ནི་ཆོས་ཚོང་བའི་ལྟུང་བྱེད་དོ། །ཞེས་སོ། ། |
| Domain | ཆོས་ལུགས། |