18069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཟབ་མོ་རྣམ་པར་གདོན་མི་ཟ་བ་ལ་འཇུག་པ་ཤེས་པ་མཁས་པར་ལྡན་དགོས་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྗེས་སུ་མཐུན་པ། བདག་གི་རང་བཞིན་ལྟར་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་རྟོགས་པ། འདུ་བྱེད་ཐམས་ཅད་གང་ཡང་མི་འགྲོ། གང་ནས་ཀྱང་མ་འོངས་པར་རབ་ཏུ་ཤེས་པ། ཆོས་ཐམས་ཅད་ནམ་མཁའི་ཕྱག་རྒྱས་བཏབ་པར་མོས་པའོ། །
Domain ཆོས་ལུགས།