18071

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཟབ་མོ་ལ་མོས་པར་རིག་པར་བྱ་བ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པའོ། །དགེ་བའི་ཆོས་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལས་ཤས་ཆེར་གུས་པ་དྲག་པོ་དང་ལྡན་ཞིང་ཡང་དག་པའི་ལས་མངོན་པར་འདུ་བྱེད་པའང་ཡོངས་སུ་སྤོང་བ། མངོན་པར་འདུ་བྱེད་པ་ཡིད་དུ་འོང་བའང་མངོན་པར་འདུ་བྱེད་པ། སྐྱེ་བོ་དབང་ཕྱུག་དང་ལྡན་པ་རྣམས་ལའང་གཟུ་ལུམས་སུ་ནན་གྱིས་གནོན་པར་མི་བྱེད་པ། ཡིད་དུ་འོང་བའི་སྦྱིན་པའང་གཞན་དག་ལ་སྟོབས་པར་བྱེད་དེ། ཡིད་དུ་མི་འོང་བ་ཡོངས་སུ་སྤོང་བ། ཆོས་ཐམས་ཅད་ལའང་སྟོང་ངོ་སྙམ་དུ་ངེས་པར་འབྱུང་བར་བྱེད་པ། བྱེད་པ་མེད་པའི་ལྟ་བས་ཡང་དག་པའི་མཐའ་ལ་མཚན་ཉིད་གཅིག་ཏུ་མོས་པར་ཡང་མི་བྱེད་ལ་ཐ་དད་པའི་འདུ་ཤེས་ཅན་ཡང་མ་ཡིན་པ། རང་གི་ཡོན་ཏན་གྱིས་ཀྱང་གཞན་གྱི་ཡོན་ཏན་ཁྱད་དུ་གསོད་པར་མི་བྱེད་པ། ཚད་ངེས་པར་འཛིན་པའང་མི་བྱེད་པ། གང་ཟག་སྦྱོར་བ་མེད་པ་རྣམས་ལའང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་དང༌། མཐུན་པར་བྱེད་པ།
Domain ཆོས་ལུགས།