From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་ཟབ་མོའི་ཚུལ་ལ་གནས་པའི་ཆོས་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། བདག་གི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྗེས་སུ་འགྲོ་བ། བདག་དག་པས་ཆོས་ཐམས་ཅད་དག་པའི་རྗེས་སུ་འཇུག་པ། བདག་མེད་པས་ཆོས་ཐམས་ཅད་སྟོང་པར་སོམ་ཉི་མེད་པ། བདག་སྟོང་པས་ཆོས་ཐམས་ཅད་སྟོང་པར་སོམ་ཉི་མེད་པ། བདག་དབེན་པས་ཆོས་ཐམས་ཅད་དབེན་པ་ལ་འཇུག་པ། བདག་ཞི་བས་ཆོས་ཐམས་ཅད་ཞི་བར་སོ་སོར་རྟོག་པ། བདག་ཇི་ལྟ་བ་བཞིན་པས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ། བདག་ཟབ་པས་ཆོས་ཐམས་ཅད་ཟབ་པར་ངེས་པར་སེམས་པ། བདག་བེམ་པོ་ཡིན་པས་ཆོས་ཐམས་ཅད་བེམ་པོ་ཡིན་པར་ངེས་པར་རྟོག་པ། བདག་གཟུང་དུ་མེད་པས་ཆོས་ཐམས་ཅད་གཟུང་དུ་མེད་པར་རྟོག་པའོ། །
|
| Domain
|
ཆོས་ལུགས།
|
ཆོས་ཟབ་མོའི་ཚུལ་ལ་གནས་པའི་ཆོས་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
རྣམ་པར་བསྒྲུབས་པས་གནས་པའི་མཚན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་པ། ཕྱིན་ཅི་ལོག་ལས་བྱུང་བར་མཐོང་བའི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་པ། ཕྱིན་ཅི་ལོག་ཏུ་འདུ་ཤེས་པས་ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུར་རབ་ཏུ་ཤེས་པ། རྒྱུའི་བྱ་བ་དང་རྐྱེན་ལ་དམིགས་ཏེ་སྐྱེ་བའི་ཆོས་ཐམས་ཅད་མིག་ཡོར་ལྟ་བུར་རབ་ཏུ་ཤེས་པ། འཕོ་བ་མེད་པའི་མཚན་ཉིད་ལས་ཕྱིར་མི་ལྡོག་པས་ཆོས་ཐམས་ཅད་ཆུ་ཟླ་ལྟ་བུར་རབ་ཏུ་ཤེས་པ། ཡུལ་ལ་མི་གནས་ཤིང་ཕྱོགས་ན་མི་གནས་ཏེ་ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད་བྲག་ཅ་ལྟ་བུར་རབ་ཏུ་ཤེས་པ། སྐད་ཅིག་ཀྱང་མི་སྡོད་པས་ཆོས་ཐམས་ཅད་སྤྲིན་དང་གློག་སྣང་བ་ལྟ་བུར་རབ་ཏུ་ཤེས་པ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་ཆགས་པར་མི་འགྱུར་བས་ཆོས་ཐམས་ཅད་འཇའ་ཚོན་ལྟ་བུར་རབ་ཏུ་ཤེས་པ། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པ་ཅན་དུ་མི་འགྱུར་བས་ཆོས་ཐམས་ཅད་རང་བཞིན་གྱིས་རབ་ཏུ་དག་པར་ཤེས་པ། སྐྱེ་བ་དང༌། འཇིག་པ་དང༌། གནས་པ་དང་བྲལ་བས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རབ་ཏུ་ཤེས་པའོ། །
|