18074

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་འཁོར་ (1)
Part of speech མིང་ཚིག
Definition མདོ། སྐབས་འདིར་ཆོས་འཁོར་ཞེས་པ་ནི་སངས་རྒྱས་ཀྱི་བཀའ་དང་ལམ་ཞུགས་ཀྱི་མངོན་རྟོགས་ཤིག་ལ་ཟེར། ཆོས་འཁོར་ལ་གཉིས་ཏེ། ཉན་ཐོས་སྡེ་པའི་ལུགས་དང། ཐེག་ཆེན་གྱི་ལུགས་གཉིས་སོ། །
Domain ཆོས་ལུགས།

{{#arraymap:ཆོས་འཁོར་

|; |@@@ | | }}

ཆོས་འཁོར་ (2)
Part of speech མིང་ཚིག
Definition ཉན་ཐོས་སྡེ་པས་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་དམ་ཆོས། ཆོས་འཁོར་གྱི་ངོ་བོ་དང། དབྱེ་ན། ལུང་གི་ཆོས་འཁོར་དང། རྟོགས་པའི་ཆོས་འཁོར་གཉིས་ཡོད། དང་པོ་ནི། འཆད་པ་པོ་རང་ཉིད་ཀྱིས་འཆད་ཅིང་གཞན་ལ་སྟོན་པར་བྱེད་པའི་ལུང་རྣམ་དག་དང། གཉིས་པ་ནི། ལུང་གིས་གཏན་ལ་ཕབ་པའི་དོན་སྒྲུབ་པའི་ཡོན་ཏན་ལྟ་བུ་ལ་བྱེད་དོ། ། སངས་རྒྱས་ཀྱི་གསུང་རབ་དང་ལམ་ཞུགས་ཀྱི་རྟོགས་པའི་ཡོན་ཏན་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་ཆོས་འཁོར་གྱི་མཚན་ཉིད་དུ་འདོད། དབྱེ་ན། ལུང་དང་རྟོགས་པའི་ཆོས་འཁོར་གཉིས་སུ་འདོད་པ་ཉན་ཐོས་སྡེ་བ་དང་མཚུངས། སྒྲ་བཤད་ནི། འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པས་ན་ཆོས་འཁོར་ཞེས་བྱའོ། །

{{#arraymap:ཆོས་འཁོར་

|; |@@@ | | }}

ཆོས་འཁོར་ (3)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་བསྟན་པས་བསྡུས་པའི་དམ་ཆོས་སུ་དམིགས་པ། བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རྣམས་རིམ་ཅན་དུ་བསྐོར་བ་ཡིན་ཏེ། དེས་དགོངས་འགྲེལ་ལས་གསུངས་པའི་ཆོས་འཁོར་གསུམ་རིམ་ཅན་དུ་བསྐོར་བའི་ཕྱིར་དང། དེས་གནས་དུ་མར་གདུལ་བྱ་རྣམས་རིམ་ཅན་དུ་སྨིན་པར་མཛད་པའི་ཕྱིར་རོ། །

{{#arraymap:ཆོས་འཁོར་

|; |@@@ | | }}

ཆོས་འཁོར་ (4)
Part of speech མིང་ཚིག
Definition བཀའ་དང་རྟོགས་པའི་བསྟན་པས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་དེ། ཆོས་འཁོར་གྱི་མཚན་ཉིད། ཉ་དབོན་ཀུན་དགའ་དཔལ་གྱི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། གང་མངོན་རྟོགས་སུ་ལྡན་པའི་སྟོབས་ཀྱིས་བརྒྱད་ཁྲི་བཞི་སྟོང་གི་ཆོས་འཁོར་བསྐོར། ཞེས་དང་། ཏཱ་ར་ནཱ་ཐའི་བྱམས་པའི་སྨོན་ལམ་གྱི་རྣམ་བཤད་ལས། ཉན་ཐོས་ཀྱི་འབྲས་བུ་བཞི་ལ་སོགས་པ་ཐམས་ཅད་རྟོགས་པའི་ཆོས་འཁོར་ཡིན་ལ། དེ་དང་དེ་དངོས་སུ་ལྟ་ཅི་སྨོས། བརྒྱུད་ནས་ཐོབ་བྱེད་ཀྱི་ཆོས་སྟོན་པ་ཐམས་ཅད་ཀྱང་། ལུང་གི་ཆོས་འཁོར་ཏེ། དེ་དག་ཀུན་རྫོབ་ཀྱི་ཆོས་འཁོར་རོ། །ཤེས་བྱ་ཐམས་ཅད་གཟིགས་པའི་ཡེ་ཤེས་རྒྱུན་མི་ཆད་པ་ནི་རྟོགས་པའི་ཆོས་འཁོར་དང་། དོན་དེ་དང་མཐུན་པའི་གསུང་རབ་ཡན་ལག་རྒྱ་མཚོ་སངས་རྒྱས་ཉིད་ལ་སྣང་བ་ནི། ལུང་གི་ཆོས་འཁོར་ཏེ་འདི་གཉིས་ནི་དོན་དམ་པའི་ཆོས་འཁོར་རོ། །ཆོས་འཁོར་གསུམ་པོ་སོ་སོའི་དོན། བདེན་བཞིའི་ཆོས་འཁོར་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་གྱི་སྡེར་གཏོགས་པའི་མདོ་དེ། འཁོར་ལོ་དང་པོའི་མཚན་ཉིད། མཚན་ཉིད་མེད་པའི་ཤེར་ཕྱིན་གྱི་མདོ་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་གྱི་སྡེར་གཏོགས་པའི་བཀའ་དེ། འཁོར་ལོ་གཉིས་པའི་མཚན་ཉིད། དོན་དམ་རྣམ་པར་ཕྱེ་བའི་མདོ་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་གྱི་སྡེར་གཏོགས་པའི་མདོ་དེ། འཁོར་ལོ་གསུམ་པའི་མཚན་ཉིད། ཞེས་གསུངས།

{{#arraymap:ཆོས་འཁོར་

|; |@@@ | | }}

ཆོས་འཁོར་ (5)
Part of speech མིང་ཚིག
Definition བཀྲས་ལྷུན་ཐོས་གླིང་ཡིག་ཆར། བཀའ་དང་མངོན་པར་རྟོགས་པ་གང་རུང་གི་རིགས་སུ་གནས་པའི་དམ་ཆོས། དེ་ལ་དབྱེ་ན། ལུང་གི་ཆོས་འཁོར་དང། རྟོགས་པའི་ཆོས་འཁོར་རྣམ་པ་གཉིས་ཡོད་དེ། ལང་ཀར་གཤེགས་པའི་མདོ་ལས། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། །བསྟན་པ་དང་ནི་གྲུབ་མཐའ་འོ། །བྱིས་པ་རྣམས་ལ་བསྟན་པར་བཤད། །རྣལ་འབྱོར་པ་ལ་གྲུབ་མཐའོ། །བསྟན་པ་ཚིག་གི་སྡེབ་སྦྱོར་བྱིས་པའི་བྲིད། །རྣལ་འབྱོར་པ་ལ་རྟོགས་པ་སྐྱེད་ཕྱིར་རོ། །ཞེས་དང་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །བསྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར།

{{#arraymap:ཆོས་འཁོར་

|; |@@@ | | }}

ཆོས་འཁོར་ (6)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། སངས་རྒྱས་ཀྱི་བསྟན་པས་བསྡུས་པའི་དམ་ཆོས་སུ་དམིགས་པ། ཆོས་འཁོར་སྐོར་ཚུལ་ནི། བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རྣམས་རིམ་ཅན་དུ་བསྐོར་བ་ཡིན་ཏེ། དེས་དགོངས་འགྲེལ་ལས་གསུངས་པའི་ཆོས་འཁོར་གསུམ་རིམ་ཅན་དུ་བསྐོར་བའི་ཕྱིར་དང། དེས་གནས་དུ་མར་གདུལ་བྱ་རྣམས་རིམ་ཅན་དུ་སྨིན་པར་མཛད་པའི་ཕྱིར་རོ། །

{{#arraymap:ཆོས་འཁོར་

|; |@@@ | | }}

ཆོས་འཁོར་ (7)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། སངས་རྒྱས་ཀྱི་བཀའ་དང། ལམ་ཞུགས་ཀྱི་སྐྱེས་བུའི་སྤངས་རྟོགས་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན།

{{#arraymap:ཆོས་འཁོར་

|; |@@@ | | }}

ཆོས་འཁོར་ (8)
Part of speech མིང་ཚིག
Definition སངས་རྒྱས་ཀྱིས་གསུངས་པའི་ཆོས་གང་ཞིག་མྱ་ངན་ལས་འདས་པའི་རྒྱུ་འབྲས་ངོ་བོ་ཉིད་གསུམ་གང་རུང་བརྗོད་བྱའི་གཙོ་བོར་གྱུར་པའི་ངག་གི་རྣམ་པར་སྣང་བའི་རྣམ་རིག་དེ་ནི་འཁོར་ལོ་རིན་པོ་ཆེ་ལྟར་མི་མཐུན་ཕྱོགས་འཇོམས་ནུས་པ་དང༌། ལམ་རྣམས་སུ་འདོར་ཞིང་འཇུག་པ་དང༌། མྱུར་དུ་འགྲོ་བ་དང༌། འཕགས་ལམ་གྱི་རྩིབས་ཀྱི་ཡན་ལག་བརྒྱད་དང་ལྡན་པ་སོགས་ཀྱི་ཆོས་མཚུངས་པས་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །

{{#arraymap:ཆོས་འཁོར་

|; |@@@ | | }}

ཆོས་འཁོར་ (9)
Part of speech མིང་ཚིག
Definition སྔགས། རྒྱུད་སྡེ་རྣམས་སུ་བསྟན་པའི་སྙིང་གའི་རྩ་འཁོར།

{{#arraymap:ཆོས་འཁོར་

|; |@@@ | | }}