18078

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་འཁོར་འཇམ་དཔལ་ཡེ་ཤེས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་སྨད་དུ་འཁྲུངས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་མཛད། བལ་ཡུལ་དང་། འབྲས་ལྗོངས། རྒྱ་གར་སོགས་སུ་ཕེབས། ལེགས་སྦྱར་གྱི་སྐད་ལ་སྦྱངས་པ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ཡེ་ཤེས་དབབ་པའི་ཆོ་ག་དང་། རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་གསང་བ་སྦྱིན་སྲེག་གི་ཆོ་ག རྡོ་རྗེ་རྣལ་འབྱོར་མའི་བསད་པ་ལས་ཀྱི་མན་ངག ཕྱིར་བཟློག་འཁོར་ལོ། ཕག་མོའི་སྲུང་བའི་འཁོར་ལོ། གཏོར་མའི་ཆོ་ག ལག་པའི་མཆོད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྣམ་པར་སྒེག་པ། རྡོ་རྗེ་ཕག་མོའི་བསྟོད་པ་རིམ་པ་གཉིས་པ་རྡོ་རྗེ་བཙུན་མོས་བྱིན་གྱིས་བརླབས་པ། རྡོ་རྗེ་ཕག་མོ་དོན་ཐམས་ཅད་གྲུབ་མའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཞལ་གཉིས་མ། དཔལ་ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས། འཇམ་དབྱངས་དཀར་པོ་མཆོད་པའི་ཆོ་ག ཁརྶ་པཱ་ཎི་ལྷ་ལྔའི་སྒྲུབ་ཐབས། དཔལ་འཇིག་རྟེན་མགོན་པོ་མཁའ་ལ་སྤྱོད་པའི་སྒྲུབ་ཐབས་བཅས་བཞུགས།