18088
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། འཇིག་རྟེན་པའི་དང་བའི་གཟུགས། དང་བས་གཟུང་བའི་གཟུགས་ཐམས་ཅད་དང་འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་ཐམས་ཅད། འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ལུང་དུ་མ་བསྟན་པ་ཐམས་ཅད། འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་དང་སྤང་བར་བྱ་བ་དང་སྤངས་པ་ཐམས་ཅད། འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་འཇིག་རྟེན་པའི་གཟུགས་བསྟན་དུ་མེད་ལ་ཐོགས་པ་མེད་པ་ཐམས་ཅད་དོ། ། |
| Domain | ཆོས་ལུགས། |