18095
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། རབ་ཏུ་བྱུང་བའི་ཡོན་ཏན་འདོད་ཀྱི་གོས་ཚོན་ཅན་གྱི་རྟགས་འཛིན་པ་ཙམ་འདོད་པ་མ་ཡིན་པ། ཆོས་ཉན་པ་འདོད་ཀྱི་འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཉན་འདོད་པ་མ་ཡིན་པ། ཆོས་བསྟན་པ་འདོད་ཀྱི་འཇིག་རྟེན་གྱི་ཟང་ཟིང་འདོད་པ་མ་ཡིན་པ། ཆོས་ལ་སོ་སོར་རྟོག་པར་འདོད་ཀྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་འདོད་པ་མ་ཡིན་པ། ཆོས་སྒྲུབ་པ་འདོད་ཀྱི་ཡི་གེ་དང་ངེས་པའི་ཚིག་དང་བརྡ་ཡོངས་སུ་ཚོལ་བ་འདོད་པ་མ་ཡིན་པ། སངས་རྒྱས་ཀྱི་ཆོས་ཉན་འདོད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་འདོད་པ་མ་ཡིན་པའོ། ། |
| Domain | ཆོས་ལུགས། |