18105

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་འབྱུང་རིན་པོ་ཆེའི་གཏེར་ (1)
Part of speech མིང་ཚིག
Definition ཐུབ་པའི་བསྟན་པ་ཅི་ལྟར་དར་བའི་ཚུལ་ལས་བརྩམས་པའི་ཆོས་འབྱུང་ཞིག། མཛད་པ་པོ་ཇོ་ནང་བསོད་ནམས་བཟང་བོ། གཞི་གང་ལ་བཅོལ་ནས་མཛད་པའི་ཚུལ་ཡང་གཞུང་དེའི་མཇུག་ཏུ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཆོས་ཀྱི་འབྱུང་གནས་གསལ་བར་བྱེད་པའི་གསུང་རབ་རིན་པོ་ཆེའི་མཛོད་ལས་བཏུས་ཏེ་བསྡུས་པ་ལ་དགའ་བའི་གང་ཟག་དོན་དུ་གཉེར་བ་དག་གི་དོན་དུ་བཀོད་པ་སྟེ། ཞེས་བྱུང་། མཛད་པའི་ཡུལ་དུས་ནི། གཞུང་དེའི་མཇུག་ཏུ། ཐུབ་པའི་བསྟན་པ་ལོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་བཞི་འདས་ཤིང་། ཉིས་སྟོང་བདུན་བརྒྱ་བཞི་བཅུ་རྩ་དྲུག་ལྷག་མར་གནས་པའི་དུས་ས་ཕོ་རྟའི་ཆོ་འཕྲུལ་ཆེན་མོ་རྟའི་ཟླ་བ་ལ་དཔལ་བཟང་ལྡན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །ཞེས་ཕྱི་ལོ་༡༣༧༨ལོ་སྟེ་དགུང་ལོ་སོ་བརྒྱད་པའི་ལོར་བརྩམས། ལྡེབ་གྲངས་སོ་བརྒྱད།