18109

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་འཚོལ་བ་དྲུག་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་གཉིས་པ་ཆོས་བཤད་ཉན་ལས་བྱུང་བ་སྟེ། གཡོ་དང་སྒྱུ་མེད་པར་བསམ་པ་ཐག་པ་ནས་ཆོས་འཚོལ་བ། རང་གི་ཆེད་དུ་མ་ཡིན་པར་ཀུན་ལ་ཕན་པའི་ཆེད་དུ་ཆོས་འཚོལ་བ། རྙེད་པ་དང་བཀུར་སྟི་མི་འདོད་པར་འགྲོ་བའི་ཉོན་མོངས་པ་སྤོང་བར་འདོད་པས་ཆོས་འཚོལ་བ། གཟུ་ལུམ་མ་ཡིན་པར་ཤེས་རབ་ཀྱི་འཇུག་པས་ཆོས་འཚོལ་བ། ཡིད་གཉིས་མེད་པར་ཀུན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་ཆོས་འཚོལ་བ། རློམ་སེམས་དང་འདོད་པ་མེད་པར་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་ཆོས་འཚོལ་བའོ། །
Domain ཆོས་ལུགས།