18111

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་འཛིན་པ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། ཤིན་ཏུ་བྱང་བའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ། ཤེས་རབ་དང་ལྡན་པས་ལྟ་བ་རྣམ་པར་དག་པ། ཡང་འབྱུང་བ་མེད་པར་ཤེས་རབ་རྣམ་པར་དག་པ། འཁོར་ཐམས་ཅད་དོན་དུ་མི་གཉེར་བས་གཏོང་བ་ཡོངས་སུ་དག་པ། ཤིན་ཏུ་བརྗོད་པ་མེད་པས་ཐོས་པ་རྣམ་པར་དག་པ། བྱང་ཆུབ་འཐོབ་པས་བརྩོན་འགྲུས་རྣམ་པར་དག་པ། རྟེན་པ་མེད་པས་བཀུར་སྟི་ཐོབ་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་ཅན་ཐམས་ཅད་ཀྱིས་མི་བསྐྱོད་པའོ། །
Domain ཆོས་ལུགས།