18119

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཡོངས་སུ་འཚོལ་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་གཡོ་དང་སྒྱུ་མེད་པས་བསམ་པ་ཐག་པར་ཆོས་ཡོངས་སུ་ཚོལ་བ། བརྩོན་འགྲུས་ལྷོད་པ་མེད་པར་སྲན་ཚུགས་པས། བརྩོན་འགྲུས་ཀྱིས་ཆོས་ཡོངས་སུ་ཚོལ་བ། ལུས་དང་སྲོག་ལ་མི་ལྟ་བར་ཆོས་ཡོངས་སུ་ཚོལ་བ། རྙེད་པ་དང་། སྟོབས་དང་། བཀུར་སྟི་དང་། གྲགས་པའི་ཕྱིར་མ་ཡིན་གྱི། འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཆོས་ཡོངས་སུ་ཚོལ་བ། བདག་འབའ་ཞིག་ལ་ཕན་པའི་ཕྱིར་མ་ཡིན་གྱི། བདག་དང་གཞན་འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ། ཆོས་ཀྱི་མདངས་ཀྱིས་བར་ཆོད་བྱ་བའི་ཕྱིར་མ་ཡིན་གྱི། ཤེས་རབ་ལ་འཇུག་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ། གོ་བློ་ལ་དགའ་བའི་ཕྱིར་མ་ཡིན་གྱི། རབ་ཏུ་རྟེན་པར་བྱ་བའི་ཕྱིར་ཆོས་ཡོངས་སུ་ཚོལ་བ། བྱང་ཆུབ་ཀྱི་སེམས་མ་བཏང་བས། སེམས་ཅན་སྙིང་རྗེ་བའི་ཕྱིར་ཆོས་ཡོངས་སུ་ཚོལ་བ། ཡིད་གཉིས་དང་བྲལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ། རློམ་སེམས་མེད་ཅིང་འདོད་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཆོས་ཡོངས་སུ་ཚོལ་བའོ། །
Domain ཆོས་ལུགས།