18127

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་ཡང་དག་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོ་ལས་བྱུང་བ་སྟེ། ༡ མཚན་མར་ལྟ་བ། ༢ ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ། ༣ ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ། ༤ ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ། ༥ དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ། ༦ སྦྱོར་བ་སེལ་པའི་ལྟ་བ། ༧ ཡོངས་སུ་འཛིན་པའི་ལྟ་བ། ༨ དེ་ལ་སྒྱུར་བའི་ལྟ་བ། ༩ ངེས་པར་འབྱུང་བ་མ་ཡིན་པའི་ལྟ་བ། ༡༠ ཁ་ན་མ་ཐོ་བ་མེད་པར་ལྟ་བ། ༡༡ འབྱུང་བར་ལྟ་བ། ༡༢ སྒྲིབ་པ་ལ་གསོག་པའི་ལྟ་བ། ༡༣ བརྙས་པའི་ལྟ་བ། ༡༤ རབ་ཏུ་འཁྲུགས་པའི་ལྟ་བ། ༡༥ བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ། ༡༦ ལོག་པར་ལྟ་བ། ༡༧ ངལ་བ་འབྲས་བུ་མེད་པའི་ལྟ་བ། ༡༨ འཕེལ་བར་ལྟ་བ། ༡༩ སླུ་བའི་ལྟ་བ། ༢༠ ཁས་མི་ལེན་པར་ལྟ་བ། ༢༡ གཡོའི་ལྟ་བ། ༢༢ ཆད་པས་བཅད་པའི་ལྟ་བ། ༢༣ བཀུར་སྟི་བྱེད་པར་ལྟ་བ། ༢༤ སྐུར་པའི་ལྟ་བ། ༢༥ རྨོངས་པ་བརྟན་པའི་ལྟ་བ། ༢༦ མི་སྨྲ་བའི་ལྟ་བ། ༢༧ ལྟ་བ་ཆེན་པོ། ༢༨ མངོན་པའི་ང་རྒྱལ་གྱི་ལྟ་བ།
Domain ཆོས་ལུགས།