18132
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། ཆོས་རྒྱ་ནི། ལུས་རྣམ་སྣང་གི་ཆོས་བདུན་ལྡན་བྱས་ལ་སེམས་གཉིས་ཀྱི་ལྷ་ཐམས་ཅད་ཀྱི་མགྲིན་པར་ཧྲཱིཿདམར་པོ་ཞུ་བ་ལས་པདྨ་དམར་པོ་འདབ་མ་བརྒྱད་མདུན་གྱི་འདབ་མ་ལྕེར་གྱུར་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ནས་འབྲུ་ཙམ་ཉལ་ཐབས་སུ་གནས་པའི་ལྟེ་བའི་ནང་དུ་ལྷ་རྣམས་ཀྱི་ས་བོན་ཨོཾ་དང་ཧཱུྃ་སོགས་རང་རང་གི་སྐུ་མདོག་དང་མཐུན་པར་གསལ་བར་བསྒོམ། བྱང་སེམས་སོགས་སྡེ་ཚན་ལྔ་ལ་ཧཱུྃ་ལྔ་བརྗོད་ལ་ཐམས་ཅད་ཀྱི་རྡོ་རྗེའི་ལྟེ་བར་ཧཱུྃ་དཀར་པོ་རེ་རེ་བསམ། ཐམས་ཅད་ཀྱི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་གོ་ཞེས་བསྒོམ་པར་བྱ་སྟེ། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཡེ་ཤེས་ཕྱག་རྒྱ་བཅིང་བར་བྱ། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཡེ་ཤེས་ཕྱག་རྒྱ་དབང་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། |
| Domain | ཆོས་ལུགས། |