18134

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྒྱལ་ཆེན་པོའི་བསྟོད་པ་གངས་ཅན་མ་ (1)
Part of speech མིང་ཚིག
Definition ཀུན་མཁྱེན་མི་ཕམ་རྒྱ་མཚོས་མེ་རྟ་ཕྱི་ལོ་ ༡༩༠༦ ལོའི་བོད་ཟླ་བརྒྱད་པའི་ཚེས་ཉེར་བདུན་ལ་མཛད་པའི་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་བསྟོད་པ་ཞིག་སྟེ། རྒྱ་གར་གྱི་མཁན་སློབ་རྣམ་གཉིས། པཎ་གྲུབ་ལོ་ཙཱ་བ་རྣམས་བོད་དུ་གདན་དྲངས་པ་སོགས་ཀྱི་མཛད་རྗེས་ལ་བསྔགས་པ། རིག་པའི་གནས་ཀུན་དང་། མདོ་རྒྱུད་བསྟན་བཅོས་ཤིན་ཏུ་མང་པོ་བོད་སྐད་དུ་བསྒྱུར་ཞུས་མཛད་དེ་བཤད་སྒྲུབ་ཆོས་ཀྱི་ཉི་མ་འཆར་བར་བྱས་པ་མ་ཟད། མཐའ་བཞིའི་རྒྱལ་ཁམས་མང་པོ་སྟོབས་ཀྱིས་དབང་དུ་བསྡུས་ཚུལ་སོགས་ཆོས་སྲིད་ལུགས་གཉིས་ཀྱི་མཛད་རྗེས་དེ་དག་ལ་བསྟོད་པ་ཚིགས་བཅད་ཤོ་ལོ་ཀ་བཅུ་དྲུག་ཡོད་པ་ཞིག་ཡིན།