18140
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་གྱི་རྒྱལ་པོ་ཞིག་སྟེ། ཕྱི་ལོའི་སྔོན་གྱི་ ༢༧༣ ལ་མོརྱའི་རྒྱལ་སར་ཁྲིར་འཁོད། དེ་རྗེས་ཀྱི་ལོ་ ༡༢ པ་ལ། རྒྱལ་པོ་མྱ་ངན་མེད་ཀྱིས་ཀལིངྒའི་ཡུལ་དུ་དྲག་པོའི་དམག་གིས་དབང་བསྒྱུར་བྱས་ནས་མི་མང་པོ་རྐྱེན་འདས་སོང་། ཕྱིས་སུ་ཀལིངྒའི་འཇིགས་རུང་དམག་འཁྲུགས་ཀྱི་དོན་རྐྱེན་དྲན་ནས་འགྱོད་དེ་རྒྱལ་སྲིད་སྤངས། ཆོས་སྒོར་ཞུགས་པ་དང་གནས་ཆེན་ཁག་ལ་རྡོ་རིང་དང་རྡོ་ཡིག་མང་པོ་རྐོ་འཇོག་བྱས་ནས་ཆོས་ཀྱི་སྲི་ཞུ་བསྒྲུབས། མྱ་ངན་མེད་ལྟ་བུའི་ནང་པའི་རྒྱལ་པོ་ཞིག་རྒྱ་གར་ལོ་རྒྱུས་སྟེང་བྱུང་མེད་པར་གྲགས། |