18149
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ འཛིན་པ་ཆུང་ན་འགོང་པོ་སྒོར་ཐོན་པའི་རྟགས་ཡིན༔ ཉོན་མོངས་པ་ཆུང་ན་དུག་ལྔ་ཁོང་དུ་སོད་པའི་རྟགས་ཡིན༔ ང་བདག་ཆུང་ན་འགོང་པོ་སྒོར་ཐོན་པའི་རྟགས་ཡིན༔ ངོ་ཚ་གཟའ་གཏད་དང་བྲལ་ན་འཁྲུལ་པའི་སྣང་བ་ཞིག་པའི་རྟགས་ཡིན༔ བསྒོམ་བྱ་སྒོམ་བྱེད་དང་བྲལ་ནས་ཆོས་ཉིད་དོན་དང་ལྡན་པར་གནས་ན༔ སེམས་ཉིད་མ་བུ་འཕྲད་པའི་རྟགས་ཡིན༔ སྣང་བ་ཅི་ཤར་ཡང་རང་སྣང་རིས་མེད་དུ་ཤར་ན༔ ལྟ་སྒོམ་གྱི་ཕུ་ཁྲུས་པའི་རྟགས་ཡིན༔ འཁོར་འདས་དབྱེར་མེད་དུ་ཆོད་ན་རྟགས་ཚད་རྒྱུད་ལ་སྐྱེས་པའི་རྟགས་ཡིན༔ མདོར་ན་རང་གི་ལུས་ལ་ཡང་ཞེན་པ་མེད་ན་འདོད་པ་གཏིང་ནས་བྲལ་བའི་རྟགས་ཡིན༔ སྡུག་བསྔལ་གྱི་རྐྱེན་གྱིས་མི་གནོད་ན་སྣང་བ་སྒྱུ་མར་ཤེས་པའི་རྟགས་ཡིན༔ ཆོས་བརྒྱད་ཤས་ཆུང་ན་སེམས་ཉིད་ངོ་ཤེས་པའི་རྟགས་ཡིན༔ ལར་ནང་རྟགས་ཕྱིར་འཆར་བ་ཤིང་ལ་ལོ་མ་སྐྱེས་པ་འདྲ༔ ཕྱི་རྟགས་གཞན་པ་ལ་འཆར་བ་ཤིང་ཐོག་གི་འབྲས་བུ་སྨིན་ནས་ཟས་སུ་རུང་བ་དང་འདྲ་སྟེ༔ ནང་ན་ཡོན་ཏན་སྣ་གཅིག་ཀྱང་མེད་པའི་ཆོས་པ་མང་༔ རྟོགས་པ་དང་ལྡན་པ་ཤིན་ཏུ་དཀོན་པས་སྒོམ་པ་ལ་འབད་བརྩོན་སྐྱེད་པ་གལ་ཆེ་གསུངས། |
| Domain | ཆོས་ལུགས། |