18154
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་རྗེ་ཀརྨ་པའི་དགེ་ལུང་། ཞེས་བྱ་བ་སྟེ། གཏེར་གཞུང་ལས། གུ་རུའི་གསུང་བཞིན་བདག་འདྲ་རྒྱལ་བ་མཆོག་དབྱངས་ཀྱིས་ལྷོ་བྲག་གནམ་སྐས་བྲག་གི་ལྷོ་མོན་མཁར་སྟེང་གི་ཕ་བོང་གཡུ་སྒྲོམ་གྱི་ཤར་དུ་བྲིས་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་གཏེར་ནས་དྲངས། འདིའི་ནང་དོན་ལ། ལང་འགྲོ་དཀོན་མཆོག་འབྱུང་གནས་དང་རྒྱལ་བ་མཆོག་དབྱངས་གཉིས་ཀྱིས་མ་འོངས་པར་འགྲོ་དོན་ཇི་ལྟར་མཛད་ཚུལ་ལུང་བསྟན། |