18157

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེ་ངག་དབང་བློ་བཟང་དོན་གྲུབ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་སྨད་དུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་སློང་གི་སྡོམ་པ་རིམ་གྱིས་མནོས། ཐ་སྙད་རིག་གནས་དང་། གཞུང་ཆེན་བཀའ་པོད་ལྔ། རྒྱུད་སྡེ་བཞི་བཅས་ལཐོས་བསམ་མཛད། རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ལོ་ནས་བཟུང་ལྗགས་རྩོམ་འབོར་ཆེན་གནང་འདུག གསུང་རྩོམ་ནི་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་སྐལ་ལྡན་རེ་བ་སྐོང་བའི་དགའ་སྟོན་དང་། བླ་མ་མཆོད་པའི་ཆོ་གའི་རྣམ་གཞག་ཚིག་དོན་རབ་གསལ་ཟུང་འཇུག་སྒྲུབ་པའི་མྱུར་ལམ། ཡི་དམ་ཆོས་སྐྱོང་སོ་སོའི་སྒྲུབ་ཐབས་དང་རྗེས་གནང་བྱེད་ཚུལ་དངོས་གྲུབ་འབྱུང་གནས། སྒྲུབ་ཐབས་རྒྱ་མཚོ་ནས་བཤད་པའི་ལྷ་ཚོགས་ཀྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པའི་ཐོ་ཡིག་གི་དོན་འགྲེལ་འདོད་རྒུའི་ལྗོན་ཤིང་རིན་ཆེན་སྙེ་མའི་ཁ་སྐོང་ཡང་གསལ་བློ་གྲོས་མིག་འབྱེད་བཅས་ཆོས་ཚན་ཉིས་བརྒྱ་བཅུ་མེད་བདུན་ལོངས་པའི་པོད་བརྒྱད་བཞུགས།