18159
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་སྟོད་མཁན་ཐོག་༡༩ པ་དང་དགའ་ཁྲི་༣༧ པ་ཆོས་རྗེ་དགེ་འདུན་རིན་ཆེན་ནི། མདོ་ཁམས་དང་། རྒྱ་ཡི་མཚམས་འཇང་ཞབས་སུ་སྐུ་འཁྲུངས། བཤད་སྒྲུབ་འཆད་ཉན་གྱི་ཆུ་བོ་ཆེན་པོ་འདུ་བའི་སྨན་ལྗོངས་ཡུལ་དབུས་སུ་ཕེབས། སེར་སྨད་དང་རྒྱུད་སྟོད་སོགས་སུ་མདོ་སྔགས་ཀྱི་ཐུགས་གཉེར་དཔྱིས་ཕྱིན་པར་མཛད། ཕྱི་ལོ་ ༡༦༣༨ ས་ཕོ་སྟག་གི་ལོར་གསེར་ཁྲིར་འཁོད་དེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང་། ཕྱི་ལོ་ ༡༦༤༨ ས་ཕོ་བྱི་བའི་ལོར་ཁྲི་ཐོག་དེ་ཉིད་དུ་གཟིམས་མལ་ཐ་མར་གྱུར་པའི་ཚུལ་བསྟན་ནོ། ། |