18160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེ་དོན་གྲུབ་རིན་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་བྱ་ཕྱི་ལོ་ ༡༣༠༩ ལོར་ཨ་མདོའི་རེབ་གོང་ཤ་སྦྲང་དུ་འཁྲུངས། དབུས་གཙང་དུ་བྱོན། སྙེ་ཐང་བཀྲ་ཤིས་སེང་གེའི་མདུན་ནས་ཕར་ཕྱིན་དང་། བྱམས་ཆོས་སྡེ་ལྔར་མཁས་པར་བསླབས། གཙང་གི་སྣར་ཐང་ཆོས་གྲྭར་བྱོན། ལྡོང་སྟོན་རིགས་པའི་སེང་གེའི་མདུན་ནས་ཚད་མ་རྣམ་ངེས་གསན། ཞྭ་ལུར་གྲྭ་སྐོར་དུ་བྱོན་སྐབས་བུ་སྟོན་རིན་ཆེན་གྲུབ་དང་མཇལ། བགྲོ་གླེང་མཛད། རོང་གི་བླ་མ་ཡེ་ཤེས་དཔལ་བའི་སྐུ་མདུན་དུ་ཕེབས། གཤེད་སྐོར་སྤྱི་དང་། ཁྱད་པར་འཇིགས་བྱེད་ཀྱི་དབང་དང་། རྒྱུད་འགྲེལ་བཤད་པ། མན་ངག་ཐམས་ཅད་ལེགས་པར་གསན། ཨ་མདོར་ཕེབས། ཤིང་ཀུན་སྡེ་གསར་དགོན་གྱི་མཁན་པོ་མཛད། སྙེ་ཐང་བདེ་བ་ཅན་གྱི་གདན་ས་མཛད་པར་དབུས་སུ་ཕེབས། གདན་ས་བ་བསྐོས་ཚར་བས་སྟབས་མ་འཕྲོད། མཆིམས་བློ་བཟང་གྲགས་པས། ཁྱོད་ཀྱི་གདུལ་བྱ་མདོ་སྨད་དུ་ཡོད་ཅེས་པ་ལྟར་ཨ་མདོར་བྱོན། ཤ་སྦྲང་དུ་དགོན་པ་བཏབ། དབོན་པོ་ཤཱཀྱ་བཟང་པོ་གདན་སར་བསྐོས། བྱ་ཁྱུང་གི་གནས་བཙལ་བར་བྱོན། ཞེ་གཅིག་པ་རབ་བྱུང་དྲུག་པའི་ས་གླང་ཕྱི་ལོ་ ༡༣༤༩ ལོར་བྱ་ཁྱུང་དགོན་པའི་རྨང་བཏིངས། མགོན་ཁང་ཆེན་མོ་དང་། ལྷ་ཁང་ཆེན་མོའི་རྟེན་བརྟེན་པ། སྣང་རའི་གསེར་ཁང་སོགས་བཞེངས། རབ་བྱུང་དྲུག་པའི་ཤིང་གླ་ཕྱི་ལོ་ ༡༣༣༥ ལོར་སྐུ་གཤེགས། ཆོས་སྒོར་ཞུགས། རྗེ་ཙོང་ཁ་བ་སོགས་སློབ་མ་མང་དུ་བྱུང། གསུང་རྩོམ་ནི་རྒྱུད་བླ་མའི་ཊཱིཀྐ་ལས་དེང་སང་མཇལ་རྒྱུ་མེད།