18163

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེ་བཅོ་ལྔ་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ས་སྦྲུལ་ཕྱི་ལོ་ ༡༤༤༩ ལོར་འབྲི་གུང་གཞུ་སྟོད་དུ་ཡབ་རྗེ་ཆོས་རྒྱལ་རིན་ཆེན་དཔལ་བཟང་དང་། ཡུམ་མགར་བཟའ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། ཆུང་དུས་ནས་སློབ་དཔོན་རིན་ཆེན་འོད་ལས་ཕྱི་ནང་ཐུན་མོང་གི་རིག་གནས་ལ་མཁས་པར་སྦྱངས། ཉི་ཤུ་པར་མཁན་པོ་བཤེས་གཉེན་བཟང་པོ་སོགས་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས། འདུལ་བའི་ཆོས་གཞུང་སོགས་ལ་ཐུགས་བརྩོན་གནང་། ཉེར་གཅིག་པར་ཀོང་པོ་སོགས་སུ་ཆོས་འཁོར་བསྐོར། འབྲི་གུང་དུ་ཡབ་རྗེའི་དགོངས་རྫོགས་སུ་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་སྐུ་ཐོོག་ཚད་མ་ཞིག་བཞེངས། ཆོས་འཁོར་སྒང་དུ་ས་འབུམ་ལས་མཆོད་རྟེན་ཆེན་པོ་དག་ཀྱང་བཞེངས། འབྲི་གུང་གི་ཆེ་དགུས་གདུང་རྒྱུད་སྤེལ་བར་ཞུས་ངོར་བསླབ་པ་ཕུལ། མགར་བཟའ་རིན་ཆེན་དཔལ་མོ་ཁབ་ཏུ་བཞེས། རིག་སྲས་རིན་ཆེན་རྣམ་རྒྱལ་དང་། རྒྱལ་དབང་ཀུན་དགའ་རིན་ཆེན། ཆོས་ཀྱི་རྒྱལ་པོ་བསྟན་པ་རྒྱལ་མཚན། སྲས་མོ་འགྲོ་བའི་སྒྲོལ་མ་བཅས་འཁྲུངས། ཚུལ་ཁྲིམས་ཀྱི་སྡོམ་པ་བསྐྱར་ཞུས་ཀྱིས་འབྲི་གུང་བྱང་ཆུབ་གླིང་གི་གདན་ཁྲིར་བཞུགས། བསྟན་པ་བཤད་སྒྲུབ་གཉིས་ཀྱིས་བསྐྱངས། སོ་དྲུག་པ་རབ་བྱུང་བརྒྱད་པའི་ཤིང་འབྲུག་ཕྱི་ལོ་ ༡༤༨༡ ལོར་འབྲི་གུང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་བཞི་པ་ཡིན།
Synonyms འབྲི་གུང་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ།

{{#arraymap:ཆོས་རྗེ་བཅོ་ལྔ་པ་

|; |@@@ | | }}