18166

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེ་བློ་བཟང་ཞི་བ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བདུན་པའི་སྨད་དུ་འཁྲུངས། ཛཱ་ཡ་བློ་བཟང་འཕྲིན་ལས་སོགས་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། གསུང་རྩོམ་ནི་ཟབ་ལམ་བླ་མའི་རྣལ་འབྱོར་སེམས་དཔའ་གསུམ་བརྩེགས་བདུད་རྩིའི་ཆར་རྒྱུན་དང་། རྗེ་བཙུན་སོ་སོར་འབྲང་མའི་སྒྲུབ་ཐབས། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་སྒྲུབ་ཐབས་ཤེལ་དཀར་མེ་ལོང་། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་ཉེར་མཁོ། ལྷ་མོ་རེ་མ་ཏིའི་མདོས་གླུད་ཀྱི་ཆོ་ག་ཕན་བདེ་ཀུན་སྩོལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས། མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ལིང་ཀ་བསྒྲལ་ཆོག་བཅས་པོད་གཅིག་བཞུགས།