18175
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཞི་པའི་མེ་སྦྲུལ་ཕྱི་ལོ་ ༡༢༥༧ ལོར་ཡབ་ཞང་སྐྱབས་དང་། ཡུམ་ཆོས་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། འགྲོ་མགོན་ཆོས་རྒྱལ་འཕགས་པ་བསྟེན། ལམ་འབྲས་དང་བཅས་པར་སྦྱངས། ས་སྐྱ་སོགས་སུ་བཞུགས། མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ། སྟག་ལུང་དུ་ཕེབས། སློབ་དཔོན་མངྒལ་གུ་རུ་ལས་བཀའ་བརྒྱུད་ཀྱི་གདམས་པ་མ་ལུས་ཞུས། ཏིང་ངེ་འཛིན་བརྙེས། སློབ་དཔོན་མངྒལ་གུ་རུས་ཆོས་རྗེ་སངས་རྒྱས་བཟང་པོས་གདན་ས་འདི་སྐྱོངས་གསུངས། ཞེ་གཅིག་པ་རབ་བྱུང་ལྔ་པའི་མེ་བྱ་ཕྱི་ལོ་ ༡༢༩༧ ལོར་སྟག་ལུང་དགོན་པའི་གདན་སར་བཞུགས། རབ་བྱུང་ལྔ་བའི་ས་བྱ་ཕྱི་ལོ་ ༡༣༠༩ ལོར་རཏྣ་གུ་རུ་གདན་སར་མངའ་གསོལ། ང་བཞི་པ་རབ་བྱུང་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༣༡༠ ལོར་སྐུ་གཤེགས། སྟག་ལུང་དགོན་པའི་གདན་རབས་ལྔ་པ་ཡིན། |