18177

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེའི་རྣམ་མཐར་བཅུ་གསུམ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་རྣམ་ཐར་སོ་དགུའི་ནང་ཚན་ཞིག་ཏེ། དང་པོ། ཁྲི་ཐོག་ཏུ་ཕེབས་ནས་ཆེན་པོ་ཡ་བཞི་ལ་སོགས་པས་ཁུར་བླངས་པ་ལས། རིན་པོ་ཆེས་སྡེ་སྲིད་དང་ཁ་མཆུ། དམག་དང་ཁྲིམས་གཅོད་སོགས་ལ་ཞལ་ཏ་མི་གནང་བ། གཉིས་པ། ཟླ་བ་བྱུང་ངོ་ཅོག་གི་ཚེ་གཅིག་ནས་བཅོ་ལྔའི་བར་ལ་བདེ་མཚམས་ཀྱི་གསུང་ཆོས་དང་བཅུ་དྲུག་ནས་ནམ་སྟོང་བར་དུ་མཚམས་དམ་པ་ལ་བཞུགས་པ། གསུམ་པ། ཤ་འཆང་སྤྱིན་ལམ་དུ་མི་འགྲིམ་པ། བཞི་པ། མཚོན་ཆ་ཕུལ་བ་སྤྱིན་གྱིས་གཟིགས་སར་ཅོག་པ། ལྔ་པ། བུད་མེད་ལ་ཕྱག་དབང་མི་གནང་བ། དྲུག་པ། སྡེ་ལ་ཡོ་འཁྱོམ་བྱུང་ན་དཀོན་མཆོག་ལ་གསོལ་བ་འདེབས་ཤིང་མཆོད་པ་འབུལ་བ། བདུན་པ། ཆོས་སྐྱོང་ལ་དྲག་སྐུལ་མི་མཛད་པ། བརྒྱད་པ། རྟག་ཏུ་གྲྭ་པ་དྲག་ཞན་སུ་ཡིན་ཕྱོགས་སུ་འགྲོ་འདུག་ལ་དགོངས་པ་ཞུ་དགོས་པ། དགུ་པ། འཆད་རྩོད་རྩོམ་གསུམ་ལས་ནམ་ཡང་མི་གཡོ་བ། བཅུ་པ། ཐུན་བཞིའི་རྣལ་འབྱོར་ལ་རྟག་ཏུ་བཞུགས་པ། བཅུ་གཅིག་པ། རྟེན་གསུམ་གྱི་དྲུང་དུ་ཉིན་རེ་ལ་མཆོད་པ་ལན་གསུམ་རེ་བརྗེ་བ། བཅུ་གཉིས་པ། ཕྱོགས་ནས་སྡེ་པ་མི་ཆེན་གྱི་བུ་སོགས་དྲག་ཞན་ཆོས་བྲོས་ལ་བྱུང་བ་མི་བཟློག་པ། བཅུ་གསུམ་པ། གསར་པ་ཀུན་རབ་ཏུ་བྱུང་ནས་ཆོས་སྒོ་ཕྱེ་ནས་ཁྲིད་ལ་འཇུག་པ་བཅས་འདི་དག་ནི་བདེ་བར་གཤེགས་པའི་ཆོས་ཀྱི་འཁོར་ལོ་མ་ལུས་པའི་ཉམས་ལེན་འཇུག་ལྡོག་མཐའ་དག་སྡོམ་པ་གསུམ་དང་རིམ་པ་གཉིས་ཀྱི་ངོ་བོར་བསྡུས་ནས་ཉམས་བཞེས་སུ་མཛད་པ་ཆོས་ཀྱི་རྗེ་ཐང་པ་རིན་པོ་ཆེའི་རྣམ་ཐར་དང་མཐུན་པ་ཇི་ལྟ་བ་བཞིན་དུ་མཛད་པས་ཆོས་རྗེའི་རྣམ་ཐར་བཅུ་གསུམ་ཞེས་གྲགས་སོ། །
Domain ལོ་རྒྱུས།