18187
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། སྟོན་པ་པོ་ལ་གུས་ཤིང་བསྙེན་བཀུར་བྱ་བ། བསྙེན་བཀུར་བྱས་ནས་རྣ་བ་གཏོད་པ། རྣ་བ་གཏད་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་ནས་སེམས་གནས་པར་བྱ་བའི་ཕྱིར་ཡང་དག་པའི་ཐབས་ཡོངས་སུ་གཟུང་བ། ཐབས་ཡོངས་སུ་བཟུང་ནས་བརྩོན་འགྲུས་བརྩམ་པ། བརྩོན་འགྲུས་བརྩམས་ནས་ནང་དང་ཕྱི་རོལ་ལ་སེམས་མི་མཉམ་པ་སྐྱེ་བའི་གཞི་སོ་སོར་སྤང་བའི་ཚུལ་གྱིས་ཟང་ཟིང་དང༌། ཆོས་ཀྱི་སྒྲིབ་པ་རྣམ་པར་དག་པར་བྱེད་པ། སྒྲིབ་པ་རྣམ་པར་དག་ནས་ཏིང་ངེ་འཛིན་གྱི་རོ་མྱོང་བར་མི་བྱེད་ཅིང་མངོན་པའི་ང་རྒྱལ་མེད་པའོ། ། |
| Domain | ཆོས་ལུགས། |