18188
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། ལུས་ཀྱི་འབྲས་བུ་ཡོད་པ་དང་ལྡན་པ་ཡིན། ངག་གི་འབྲས་བུ་ཡོད་པ་དང་ལྡན་པ་ཡིན། ཡིད་ཀྱི་འབྲས་བུ་ཡོད་པ་དང་ལྡན་པ་ཡིན། སེམས་བསྐྱེད་པ་ཙམ་གྱིས་སྐྱེ་བ་མངོན་པར་སྒྲུབ་པ་ཡིན། སེམས་ཅན་གཞན་དང་། གང་ཟག་གཞན་རྣམས་ཀྱི་བསམ་པ་ཤེས་པར་བྱེད་ཅིང་མོས་པ་ལ་རྟོག་པ་ཡིན། སེམས་ཅན་གྱི་ཁམས་ཐ་དད་པར་རབ་ཏུ་ཤེས་པ་ཡིན། འདོད་པའི་ཁམས་ཐ་དད་པར་རབ་ཏུ་ཤེས་པ་ཡིན། གཟུགས་ཀྱི་ཁམས་ཐ་དད་པར་རབ་ཏུ་ཤེས་པ་ཡིན། གཟུགས་མེད་པའི་ཁམས་ཐ་དད་པར་རབ་ཏུ་ཤེས་པ་ཡིན། དུས་ཇི་ལྟ་བ་བཞིན་དུ་འགྲོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་བ་ཡིན་ཏེ། འདི་ནི་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའོ། ། |
| Domain | ཆོས་ལུགས། |