18189
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། སེམས་ཅན་གྱི་སྐྱེ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཉོན་མོངས་པ་རྒྱུ་བ་རྟོགས་པར་བྱེད་པ་ལ་མཁས་པ་ཡིན། བག་ཆགས་སྤྱད་པ་རྟོགས་པར་བྱེད་པ་ལ་མཁས་པ་ཡིན། སྤྱོད་ཡུལ་ལ་སྦྱོར་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཆོས་ཉིད་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཉེ་བར་སྤྱད་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། ད་ལྟར་བྱུང་བ་ཤེས་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཀུན་རྫོབ་ཀྱི་བདེན་པ་ལ་ངེས་པར་རྟོགས་པར་བྱ་བ་ལ་མཁས་པ་ཡིན། དོན་དམ་པའི་བདེན་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན་ཏེ། འདི་ནི་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའོ། ། |
| Domain | ཆོས་ལུགས། |