18191

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition ཕུང་པོ་ལྔའི་རྣམ་པར་འགྲེལ་པ་ལས་བྱུང་བ་སྟེ། བསྟན་པའི་ཆོས་ནི། མདོའི་སྡེ་དང་། དབྱིངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའོ། །ལམ་གྱི་ཆོས་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དོན་དམ་པའི་ཆོས་ནི། མྱ་ངན་ལས་འདས་པ་སྟེ། སོ་སོར་བརྟགས་པའི་འགོག་པ་དང་། ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བ་ཕུང་པོོའི་ལྷག་མ་དང་བཅས་པ་དང་ཕུང་པོའི་ལྷག་མ་མེད་པ་ལས་དང་ཉོན་མོངས་པ་དང་། སྐྱེ་བ་དང་བྲལ་བའི་རང་བཞིན་ནོ། །
Domain ཆོས་ལུགས།
ཆོས་རྣམ་པ་གསུམ་ (2)
Part of speech མིང་ཚིག
Definition དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་དུ་བྱས་པ་ལས་བྱུང་བ་སྟེ། བཤད་པའི་ཆོས་ནི། གསུང་རབ་ཡན་ལག་བཅུ་གཉིས་སོ། །སྒྲུབ་པའི་ཆོས་ནི། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་སྒྲུབ་པའི་ཆོས་སོ། །འབྲས་བུའི་ཆོས་ནི། མྱ་ངན་ལས་འདས་པའོ། །
ཆོས་རྣམ་པ་གསུམ་ (3)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། མཉན་པའི་ཆོས། བསྒྲུབ་པའི་ཆོས། མཐར་ཐུག་པའི་ཆོས་སོ། །
ཆོས་རྣམ་པ་གསུམ་ (4)
Part of speech མིང་ཚིག
Definition ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་སྟེ། ཆོས་དགེ་བ་ནི། དད་པ་ལ་སོགས་པ་བཅུ་གཅིག་གོ ། ཡང་ན་དགེ་བ་ནི་སྲོག་མི་གཅོད་པ་ལ་སོགས་པ་དགེ་བ་བཅུའོ། །ཆོས་མི་དགེ་བ་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲུག་དང༌། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཉི་ཤུའོ། །ཡང་ན་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའོ། །ཆོས་ལུང་དུ་མི་སྟོན་པ།
ཆོས་རྣམ་པ་གསུམ་ (5)
Part of speech མིང་ཚིག
Definition ལྡེའུ་ཆོས་འབྱུང་ལས་བྱུང་བ་སྟེ། དོན་དམ་པའི་ཆོས་ཞི་བ་མྱ་ལས་འདས་པ། བསྟན་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། སྒྲུབ་པའི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །