18223

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྫོང་དཀོན་མཆོག་བསྟན་པའི་དཔལ་བཟང་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་མེ་ཡོས་ཕྱི་ལོ་ ༡༨༠༧ ལོར་མདོ་སྨད་གཙོས་འབྲོང་ལྕེར་ཡབ་སྙིང་གར་རྒྱལ་དང་། ཡུམ་ལྷ་མོ་ཚེ་རིང་གཉིས་ཀྱི་སྲས་སུ་འཁྲུངས། འདས་ལོ་མི་གསལ། དྲུག་པར་གུང་ཐང་འཇམ་པའི་དབྱངས་དང་། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་རྣམ་གཉིས་ཀྱིས་གོང་མའི་ཡང་སྤྲུལ་དུ་ཐུགས་ཐག་བཅད། གདན་སར་བཀོད། ཡབ་རྗེ་དྷ་ཛའི་ཞལ་སྔ་ནས་རབ་བྱུང་དང་། དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས། བླ་བྲང་གི་ཆོས་གྲྭར་ཞུགས། མདོ་སྔགས་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས། བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན་ལས་བཀའ་འགྱུར་གྱི་ལྗགས་ལུང་གསན། ཀིརྟི་ཀུན་དགའ་ཆོས་འཕགས་བསྟན་པའི་ཉི་མ་ལས་བསྙེན་རྫོགས་བསྒྲུབས། སྨད་ཕྱོགས་སུ་སྔ་ཕྱིར་ལན་གསུམཕེབས། བཞི་བཅུ་བར་རྒྱུད་པའི་བླ་མ་དབུ་མཛད་དུ་བཞུགས། དུས་འཁོར་གྲྭ་ཚང་དང་། རྒྱུད་པ། ཆོས་འཁོར་སྒར་གསར། ཚ་གན་པེ་ཤིང་། མཛོད་དགེ་སྒར་རྙིང་རྣམས་ཀྱི་ཁྲི་བ་མཛད། ང་དགུ་བ་རབ་བྱུང་བཅུ་བཞི་པའི་ཤིང་གླང་ཕྱི་ལོ་ ༡༨༦༥ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲིར་ལོ་གཅིག་བཞུགས། འཆད་ཉན་དང་། གཏོང་སྒོ་བཅས་ལ་དོ་དམ་གང་ལེགས་གནང། དགེ་འདུན་མང་ཚོགས་ཀྱི་ཐུགས་ཡིད་ཚིམ་པར་མཛད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ང་གཉིས་པ་ཡིན།