18229

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ལ་ངེས་པར་རྟོག་པའི་བཟོད་པ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། སྟོང་པ་ཉིད་ལ་བཟོད་ཀྱང་ལྟ་བ་གཞིག་པའི་ཕྱིར་མ་ཡིན་པ། མཚན་མ་མེད་པ་ལ་བཟོད་ཀྱང་མཚན་མ་སེལ་བ་མ་ཡིན་པ། སྨོན་པ་མེད་པ་ལ་བཟོད་ཀྱང་བྱང་ཆུབ་ཏུ་སྨོན་པ་མེད་པ་མ་ཡིན་པ། མངོན་པར་འདུ་མི་བྱེད་པ་ལ་བཟོད་ཀྱང་འདུས་བྱས་རྣམ་པར་གཞིག་པའི་ཕྱིར་མ་ཡིན་པ། སྐྱེ་བ་མེད་པ་ལ་བཟོད་ཀྱང་འདུས་མ་བྱས་ཀྱི་མཚན་ཉིད་ཀྱིས་མ་ཡིན་པ། འབྱུང་བ་མེད་པ་ལ་བཟོད་ཀྱང་སྐྱེ་བ་དང་གནས་པས་མ་ཡིན་པ། སེམས་ཅན་མེད་པ་ལ་བཟོད་ཀྱང་དངོས་པོ་རྣམ་པར་གཞོག་པའི་ཕྱིར་མ་ཡིན་པ། ཇི་ལྟ་བ་བཞིན་དུ་བཟོད་ཀྱང་དུས་རྣམ་པར་གཞིག་པའི་ཕྱིར་མ་ཡིན་པའོ། །
Domain ཆོས་ལུགས།