1823

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་གཟིགས་བསྟན་འཛིན་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་ཉེར་ལྔ་པ། ལྩགས་ལུག་ཕྱི་ལོ་ ༡༦༩༡་ལ་འཕན་ཡུལ་དུ་སྔགས་རྒྱུད་ཅིག་ཏུ་སྐུ་འཁྲུངས། ཞབས་དྲུང་འོ་ཇོ་བའི་སྤྲུལ་སྐུ་རྩོད་མེད་ཡོངས་གྲགས་སུ་གྱུར་སྟབས་སྟག་ལུང་དུ་གདན་དྲངས། དགའ་ལྡན་ཁྲི་ཟུར་དོན་གྲུབ་རྒྱ་མཚོའི་དྲུང་ནས་དགེ་ཚུལ་སློང་གི་སྡོམ་པ་མནོས་པའི་མཚན་ལ་བློ་བཟང་བསྟན་པའི་ཉི་མ་དཔལ་ལྡན་བློ་གྲོས་ཞེས་བསྩལ། དེ་སྔོན་གྭ་ཟིའི་གདུང་རྒྱུད་དབོན་པོ་ནང་འཁྲུགས་ཀྱིས་རྐྱེན་པའི་ལོ་ངོ་ཞེ་གཉིས་རིང་སྟག་ལུང་པའི་ཆོས་སྲིད་འཛིན་སྐྱོང་མཐའ་དག་གཞུང་ནས་གནང་སྟེ། སེར་བྱེས་གྲྭ་ཚང་ནས་ཁ་འཛིན་མཁན་ཐོག་རེ་གཉིས་བྱས་པ་སོགས་བྱུང་ཡང་སྟག་ལུང་དུ་བདག་སྐྱོང་ཚུལ་བཞིན་མ་བྱུང་བས། ལྕག་བྱི་ཕྱི་ལོ་ ༡༧༢༠ ལོར་རྗེ་འདིས་ཐབས་མཁས་ཀྱི་སྒོ་ནས་སེར་བྱེས་ནས་མཁན་པོ་བོག་མར་བླངས་ཤིང་། འཕན་པོའི་ཆོས་གཞིས་བརྒྱད་དང་དབུ་རུ་ལུང་འབྲོག་སྡེའི་མང་གཞིའི་ཐོག་བྱང་དུ་ཤེ་མ་ཁག་གསར་འཛུགས་ཀྱིས་སྟག་ལུང་པའི་བླ་བླང་སླར་གསོ་བྱས་ཤིང་། མཐར་རང་དགོན་རང་བདག་གཙང་མ་བྱུང་། ཡང་དགོན་སྐུ་འབུམ་རྣམ་གསུམ་དང་གྲྭ་གླིང་སོགས་ཞིག་གསོར་རྒྱ་ཆེན་གནང་བ་དང་ཆབས་ཅིག།། དབེན་གནས་དྲིའུ་ལུང་རྫོང་རྩེ་དགོན་དང་ གླིང་དབུས་གཙུག་ལག་ཁང་བཀྲ་ཤིས་ཁང་གསར་ཁང་ཚན་དང་བཅས་པ་གསར་དུ་བཏབ། སྙན་བརྒྱུད་ཡིད་བཞིན་ནོར་བུ་དང་ཟབ་ལམ་ནཱ་རོ་ཆོས་དྲུག་གི་གདམས་པ་འཆད་ཁྲིད་དང་ཉམས་བཞེས་དཔེ་ཟླ་བྲལ་བ་མཛད་དེ་དཔལ་སྟག་ལུང་པའི་ཆོས་སྲིད་གཉིས་ཀའི་བསྟན་པ་སླར་གསོ་མཛད་སྟབས་ཕྱི་དར་བསྟན་པའི་གསལ་བྱེད་ཀུན་གཟིགས་མ་རིན་པོ་ཆེ་བསྟན་འཛིན་རྣམ་རྒྱལ་ཞེས་གྲགས། རྗེ་འདི་སྤྲུལ་སྐུ་གདན་རབས་འཛིན་པ་ཐམས་ཅད་ཀྱི་ཐོག་མ་ཡིན་ཞིང་འདི་ནས་བཟུང་སྤྲུལ་སྐུས་གདན་ས་སྐྱོང་པའི་ལམ་སྲོལ་ཚུགས། དག་སྣང་རྩ་གསུམ་ཆོས་སྐོར་དང་། འདུས་པའི་བཅའ་ཁྲིམས་སློབ་དཔོན་བརྒྱ་པ་སོགས་གསུང་རྩོམ་པོད་གསུམ་ཡོད་ཚུལ་འཁོད་ཅིང་། འཕགས་མཆོག་བཀྲ་ཤིས་གྲགས་པ་དང་རྩེ་སྤྲུལ་དགེ་བའི་དབང་པོ། རྗེ་དྲུང་རིན་ཆེན་ཤེས་རབ། གྲུབ་དབང་སྒོམ་པ་ཕུལ་ལྡན་སོགས་སློབ་ཚོགས་ཀྱང་མང་དུ་བྱོན་པར་སྣང་། མཐར་ཕྱི་ལོ་ ༡༧༤༣ ལོར་སྐུ་གཤེགས།

{{#arraymap:ཀུན་གཟིགས་བསྟན་འཛིན་རྣམ་རྒྱལ་

|; |@@@ | | }}