18232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མཐོང་ལམ་ལ་གནས་པའི་བྱང་སེམས་ཏེ། མདོ་འགྲེལ་མུན་པའི་གོ་ཆ་ལས། ཇི་བཞིན་པ་མཐོང་བའི་ཤེས་རབ་ཀྱི་སྤྱན་དང་ལྡན་པས་ལྟ་ངན་དང་སྒྲིབ་པ་དང་ཉོན་མོངས་པའི་རྡུལ་དང་དྲི་མ་དག་པ་དང༌། ཞེས་དང་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཇི་བཞིན་པ་མཐོང་བའི་ཤེས་རབ་ཀྱི་སྤྱན་དང་ལྡན་པས་ལྟ་ངན་དང་སྒྲིབ་པ་དང་ཉོན་མོངས་པའི་རྡུལ་དང་དྲི་མ་དག་པས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་དག་དང༌། ཞེས་གསལ། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་ལམ་གྱི་ཡོན་ཏན་གྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
Domain ཆོས་ལུགས།

{{#arraymap:ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་

|; |@@@ | | }}