18234

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ལ་དབང་ཐོབ་པའི་ལྟས་བཅོ་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་པ་དག་ཆོས་ཀྱི་དངོས་པོ་གང་ལ་དབང་ཐོབ་ཅིང་མངའ་དབང་སྒྱུར་བའི་སྔོན་དུ་བྱུང་བ་ཡི་ལྟས་བཅོ་ལྔ་གསུངས་ཏེ། ཀུན་འདུས་རིག་པ་ལས། ཆོས་ལ་དབང་ཐོབ་སྔ་ལྟས་ནི། །གླེགས་བམ་ཟབ་མོ་རྙེད་པ་དང༌། །དེ་བཞིན་འབྲི་བ་མང་པོ་དང༌། །དེ་དག་ལ་ནི་དཔྱོད་པ་དང༌། །གཞན་ལ་འཆད་ཅིང་སྟོན་པ་དང༌། །དོན་ཉིད་གཏན་ལ་འབེབས་པ་དང༌། །མེ་ལོང་དག་ལ་ལྟ་བ་དང༌། །ཤེལ་གྱི་བུམ་པ་གང་བ་ལ། །ལྟ་ཞིང་བརྟགས་ཏེ་འཐུང་བ་དང༌། །རིན་ཆེན་ནོར་བུ་ཐུ་བ་དང༌། །འཁོར་ལོ་ལག་ཏུ་འབབ་པ་དང༌། །ཉི་ཟླ་ལག་པས་ཟིན་པ་དང༌། །རི་རབ་ཀླད་ལ་སྐོར་བ་རྣམས། །ཆོས་ལ་དབང་ཐོབ་སྔ་ལྟས་སོ། །ཞེས་པ་ལྟར། གླེགས་བམ་ཟབ་མོ་རྙེད་པ། དེ་འབྲི་ཞིང་དེ་ལ་ལྟ་བར་བྱེད་པ། དེ་ལ་བསམ་དཔྱོད་བྱེད་པ། གཞན་ལ་འཆད་ཅིང་སྟོན་པ། དོན་གཏན་ལ་འབེབས་པ། མེ་ལོང་ལ་ལྟ་བ། ཤེལ་གྱི་བུམ་པ་གང་བ་ལ་ལྟ་རྟོག་བྱེད་ཅིང་བརྟགས་ཏེ་འཐུང་བ། རིན་པོ་ཆེ་ནོར་བུ་ཐུ་བ། འཁོར་ལོ་ལག་ཏུ་བབ་པ། ཉི་ཟླ་ཟིན་པ། རི་རབ་ཀླད་ལ་བསྐོར་བ། ནམ་མཁའ་གང་ལ་རྔ་དུང་དྲིལ་བུ་སོགས་རོལ་མོའི་སྒྲ་རྒྱས་ཏེ་སྟོང་གསུམ་གང་བ་ཐོས་པ། དངོས་པོ་མཐའ་དག་ཡི་གེར་མཐོང་བ། དེ་ཉིད་ཀླགས་པས་ངོ་མཚར་ཆེན་པོ་ཀུན་ལ་སྐྱེད་པ། ནམ་མཁའ་ལས་མེ་ཏོག་གི་ཆར་མགོ་ལ་འབེབས་པ་དང་བཅོ་ལྔའོ། །
Domain ཆོས་ལུགས།

{{#arraymap:ཆོས་ལ་དབང་ཐོབ་པའི་ལྟས་བཅོ་ལྔ་

|; |@@@ | | }}