18238

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ལ་དམིགས་པའི་སྙིང་རྗེ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། རེད་མདའ་བའི་དབུ་འཇུག་རྣམ་བཤད་དེ་ཉིད་གསལ་སྒྲོན་ལས། ཕུང་པོ་ཆོས་ཙམ་ལ་སེམས་ཅན་དུ་ཉེ་བར་བཏགས་པ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །དེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་མངའོ། །ཞེས་གསུངས་པ་དང།
Domain ཆོས་ལུགས།

{{#arraymap:ཆོས་ལ་དམིགས་པའི་སྙིང་རྗེ་

|; |@@@ | | }}

ཆོས་ལ་དམིགས་པའི་སྙིང་རྗེ་ (2)
Part of speech མིང་ཚིག
Definition ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས། དམིགས་ཡུལ་སེམས་ཅན་མི་རྟག་པར་དམིགས་ནས་དེ་ལས་སྐྱོབ་པའི་རྣམ་པ་ཅན། བྱེད་ལས་ནི། མཐར་ཐུག་གི་སྡུག་བསྔལ་ལས་སྐྱོབ་པའི་རྣམ་པ་ཅན་ནོ། །ས་མཚམས་ནི། ཉན་རང་འཕགས་པ་ལ་ཡོད་དོ། །ཞེས་གསུངས་པ་དང་། ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དེ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན། དེའི་དམིགས་ཡུལ་ནི་སོ་སྐྱེས་དང་ཉན་རང་སློབ་པ་རྣམས་དང། དེའི་སྟེང་དུ་ཉན་རང་མི་སློབ་པ་དང་། ས་བཅུའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཀྱང་ཡིན་ཅིང། དམིགས་པ་ནི། ཆུ་ཤིན་ཏུ་དྭངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་རླུང་ཧ་ཅང་དྲག་པ་མ་ཡིན་པས་བསྐྱོོད་པ་ན་ཟླ་བའི་གཟུགས་བརྙན་ཆུ་དང་བཅས་ཏེ་སྐད་ཅིག་རེ་རེ་ཞིང་འཇིག་པ་ལྟར་སེམས་ཅན་འཇིག་ཚོགས་ལ་ལྟ་བའི་རྒྱ་མཚོར་མ་རིག་པའི་ཆུ་སྔོན་པོའི་ནང་དུ་རྣམ་རྟོག་གི་རླུང་གིས་རབ་ཏུ་བསྐྱོད་པའི་རང་གི་གཟུགས་བརྙན་སྐད་ཅིག་གིས་འཇིག་པ་ལ་དམིགས་པ་ནི་འདིའི་དམིགས་པའི་ཁྱད་པར་རོ། །ཞེས་གསུངས་པ་དང།

{{#arraymap:ཆོས་ལ་དམིགས་པའི་སྙིང་རྗེ་

|; |@@@ | | }}

ཆོས་ལ་དམིགས་པའི་སྙིང་རྗེ་ (3)
Part of speech མིང་ཚིག
Definition མཁན་ཆེན་ངག་ཆོས་ཀྱི་དབུ་འཇུག་སྤྱི་དོན་ལས། བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་གང་ཞིག། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་དེ་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པ་ཙམ་དུ་མཐོང་ནས། སྡུག་བསྔལ་དེ་ལས་སྐྱོབ་པའི་རྣམ་པ་ཅན་དེ་འདིར་བསྟན་ཆོས་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད། སྙིང་རྗེ་དེ་ཡི་དམིགས་ཡུལ་ནི། སོ་སོའི་སྐྱེ་བོ་དང་ཐེག་དམན་སློབ་པ་འཕགས་པ་རྣམས་དང། དེ་དག་གི་སྟེང་དུ་ཉན་རང་མི་སློབ་པ་དང། ས་བཅུའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་རྣམས་འདིར་བསྟན་ཆོས་ལ་དམིགས་པའི་སྙིང་རྗེའི་དམིགས་ཡུལ་ཡིན་ཏེ། དེ་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་དང་བཅས་པའི་སེམས་ཅན་ཡིན་པའི་ཕྱིར། ཞེས་གསུངས་སོ། །

{{#arraymap:ཆོས་ལ་དམིགས་པའི་སྙིང་རྗེ་

|; |@@@ | | }}