18239

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སྙིང་རྗེ་ཆེན་པོ་གསུམ་གྱི་ནང་གསེས་ཤིག་སྟེ། མཚན་ཉིད། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། སེམས་ཅན་མི་རྟག་པ་སོགས་ཆོས་ཀྱིས་ཁྱད་པར་དུ་བྱས་ནས་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད། ཅེས་དང་། ས་མཚམས། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། ས་བརྒྱད་པ་ཡན་ཆད་ཀྱི་སྙིང་རྗེ་ཕྱི་མ་གཉིས་ཡིན་ཁྱབ་མཉམ་ཡིན། སྙིང་རྗེ་ལ་གསུམ་དུ་ཕྱེ་བའི་གསུམ་པོ་འགལ་ཡང་སྤྱིར་གསུམ་པོ་མི་འགལ་ཏེ། སངས་རྒྱས་ཀྱི་སའི་སྙིང་རྗེ་ཆེན་པོ་ཡིན་ན་སྙིང་རྗེ་གསུམ་ཀ་ཡིན་དགོས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་

|; |@@@ | | }}