18245
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྙན་གཞུང་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་གྱི་ནང་གསེས་དང་པོ་ཆོས་ལ་བསྙོན་དོར་ནི། བརྗོད་འདོད་ཀྱི་དངོས་པོ་དེའི་ཁྱད་ཆོས་ལ་བསྙོན་ཞིང་། དེའི་ཤུགས་སམ་ཟུར་ནས་ཁྱད་ཆོས་གཞན་ཞིག་གམ་དོན་གཞན་ཞིག་གི་ནུས་པ་ཅུང་ཟད་སྟོན་པའི་རྒྱན་ཞིག་སྟེ། |
| Example | བོད་མཁས་པས། རྣམ་འདྲེན་དུས་འཁོར་ཞབས་དེའི་མཁྱེན་རབ་ནི། །གཅིག་ཉིད་ཡིན་ན་ཆོས་ཀུན་ཇི་ལྟར་གཟིགས། ། ཤེས་བྱར་གང་སྲིད་ཚིག་དོན་མཐའ་ཡས་པ། །མཁྱེན་པས་བྱེ་བ་ཕྲག་བརྒྱའི་གྲངས་ཀྱང་བརྒལ། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |