18246
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཤིན་ཏུ་བསྟན་པ་བཅུ་སྟེ། ༡ འདི་ལྟར་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་བསྟན་པ། ༢ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྟན་པ། ༣ ཆོས་ཐམས་ཅད་ཉོན་མོངས་པ་མེད་པར་བསྟན་པ། ༤ ཆོས་ཐམས་ཅད་མཐའ་དང་དབུས་མེད་པར་བསྟན་པ། ༥ ཆོས་ཐམས་ཅད་གནས་མེད་པར་བསྟན་པ། ༦ ཆོས་ཐམས་ཅད་རྡོ་རྗེ་ལྟ་བུར་བསྟན་པ། ༧ ཆོས་ཐམས་ཅད་དེ་བཞིན་གཤེགས་པར་བསྟན་པ། ༨ ཆོས་ཐམས་ཅད་རབ་ཏུ་ཞི་བར་བསྟན་པ། ༩ ཆོས་ཐམས་ཅད་འབྱུང་བའི་ལམ་དུ་བསྟན་པ། ༡༠ ཆོས་ཐམས་ཅད་དོན་གཅིག་པའི་རང་བཞིན་ཡོངས་སུ་མ་གྲུབ་པར་བསྟན་པའོ། ། |
| Domain | ཆོས་ལུགས། |