18255
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ། ༡ དམན་པ་ལ་སེམས་པ་དང༌། དམན་པ་ལ་སྨོན་པའི་སེམས་ཅན་དམན་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ། ༢ སེམས་ཅན་མི་བརྩོན་པ། མི་འགྲུས་པ། ལེ་ལོ་ཅན། བརྩོན་འགྲུས་མེད་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ། ༣ ང་རྒྱལ་དང༌། ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། ཅུང་ཟད་སྙེམས་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་དང༌། ང་རྒྱལ་གྱིས་ཁེངས་པའི་སེམས་ཅན་རྣམས་དང་ལྷན་ཅིག་མི་འགྲོགས་པ། ༤ སེར་སྣ་དང༌། འཆལ་བའི་ཚུལ་ཁྲིམས་དང༌། གནོད་སེམས་དང་། ལེ་ལོ་དང༌། རྣམ་པར་གཡེངས་པ་དང༌། འཆལ་བའི་ཤེས་རབ་ཀྱི་རང་བཞིན་ཅན་གྱི་སེམས་ཅན་རྣམས་དང་ལྷན་ཅིག་མི་འགྲོགས་པ། ༥ འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ། ༦ རྟོག་པ་དང༌། རྣམ་པར་རྟོག་པ་དང༌། ཀུན་ཏུ་རྟོག་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ། ༧ སྒྲིབ་པ་དང༌། ཆོད་པ་དང༌། ཀུན་ནས་དཀྲིས་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ། ༨ ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ། ༩ རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ལ་མངོན་པར་དགའ་བའི་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ། ༡༠ ངར་འཛིན་པ་དང༌། ང་ཡིར་འཛིན་པ་རྣམས་དང་ལྷན་ཅིག་མི་འགྲོགས་པའོ། ། |
| Domain | ཆོས་ལུགས། |