18257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ལ་འཇུག་པ་བཅུས་སངས་རྒྱས་རྣམས་ཀྱི་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ། ༡ རང་བཞིན་གྱིས་དྲི་མ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད། ༢ དབྱེར་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། ༣ ཐམས་ཅད་དུ་སོང་བའི་ཕྱིར་དག་པའི་མཐའི་ངོ་བོ་ཉིད། ༤ ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་སྟོང་པ་ཉིད། ༥ མཚན་མ་མེད་པ། ༦ སྨོན་པ་མེད་པའི་ངོ་བོ་ཉིད། ༧ གཞན་གྱི་རྐྱེན་གྱི་དབང་གིས་ཞུགས་པའི་ཕྱིར་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། སྤྲུལ་པ་དང་། བྲག་ཅ་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེ་བསྐོར་བའི་ངོ་བོ་ཉིད། ༨ རྫས་མེད་པའི་ཕྱིར་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་ངོ་བོ་ཉིད། ༩ རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་ངོ་བོ་ཉིད། ༡༠ རྒྱུན་མ་ཆད་པའི་ཕྱིར་སྔོན་གྱི་མཐར་མ་བྱུང་བ་དང་། ལུས་མེད་པའི་ཕྱིར་ཕྱི་མའི་མཐར་མི་འཕོ་བ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་མེད་པས་ད་ལྟར་བྱུང་བ་ལ་མི་གནས་པའོ། །
Domain ཆོས་ལུགས།