18261
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཀུན་མཁྱེན་རོང་སྟོན་གྱི་རིགས་ཚོགས་དཀའ་གནད་ལས། ཀུན་རྫོབ་དང་། དོན་དམ་དང་། དེ་གཉིས་ཕན་ཚུན་ལྟོས་ནས་རྟག་ཆད་སྤང་ཚུལ་གསུམ་ལས། དང་པོ་ནི་རྒྱུ་ཡི་རྗེས་སུ་འབྲས་བུ་འབྱུང་བ་དང་། རྒྱུ་ལོག་ན་འབྲས་བུ་ལོག་པའི་ཕྱིར་ཀུན་རྫོབ་ཏུ་རྟག་ཆད་དང་བྲལ་ལ། གཉིས་པ་ནི། དོན་དམ་པར་ནི་ཆོས་ཅུང་ཟད་ཀྱང་ཡོད་པ་མིན་པས་གང་ཞིག་རྟག་པ་དང་ཆད་པར་འགྱུར། གསུམ་པ་ནི། དོན་དམ་པར་ཡོད་པ་མིན་ལ། ཀུན་རྫོབ་ཏུ་མེད་པ་མིན་པའི་ཕྱིར་བདེན་གཉིས་ལས་ཕན་ཚུན་ལྟོས་ནས་ཀྱང་རྟག་ཆད་དང་བྲལ་ལོ། །ཞེས་གསུངས་པ་དང། པཎ་ཆེན་ཤཱཀ་མཆོག་གི་དབུ་འཇུག་རྣམ་བཤད་ལས། དངོས་པོ་རང་བཞིན་གྱིས་མ་གྲུབ་པར་འདོད་པའི་ཕྱོགས་འདི་ལ་ཆོས་ཅན། རྟག་ཆད་དུ་ཐལ་བའི་ཉེས་པ་སྤང་དགོས་ཏེ། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར་རམ། རྒྱུ་མཚན་གྱིས་དངོས་པོ་དེ་དག་རྟག་པའང་མ་ཡིན་ཆད་པའང་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |