18264

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ལ་རྣམ་པར་འཕྲུལ་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་ཆོས་ཐམས་ཅད་ཆོས་གཅིག་ཏུ་ཡང་དག་པར་གཞོལ་བར་བྱ་བ་དང༌། ཆོས་གཅིག་པོ་ཆོས་ཐམས་ཅད་དུ་ཡང་དག་པར་གཞོལ་བར་བྱེད་ཀྱང༌། སེམས་ཅན་གྱི་བསམ་པ་དང་མི་འགལ་བར་རྣམ་པར་འཕྲུལ་བ། ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྒྲུབ་པར་ཁོང་དུ་ཆུད་པར་བྱ་བ་ཕ་རོལ་གྱི་གོ་བར་བྱ་བའི་རྣམ་པར་འཕྲུལ་བ། ཆོས་ཐམས་ཅད་འདུ་ཤེས་དང་བྲལ་བར་སེམས་ཅན་མང་པོས་ཁོང་དུ་ཆུད་པར་བྱ་བའི་རྣམ་པར་འཕྲུལ་བ། ཆོས་ཐམས་ཅད་ལ་ཚུལ་གཅིག་ཏུ་འཇུག་ཅིང་ཚུལ་མཐའ་ཡས་པར་སྟོན་པའི་རྣམ་པར་འཕྲུལ་བ། ཆོས་ཐམས་ཅད་ལ་བརྗོད་དུ་མེད་པར་འཇུག་ཅིང༌། སྒོ་བརྒྱ་སྟོང་གི་ཕ་རོལ་གྱི་རྒྱུད་དུ་བསྟན་པའི་རྣམ་པར་འཕྲུལ་བ། ཆོས་ཐམས་ཅད་སྒོ་ཀུན་ནས་རྒྱུ་བའི་ཡི་གེའི་ཚུལ་ལ་མཁས་པར་རྣམ་པར་འཕྲུལ་བ། ཆོས་ཐམས་ཅད་ཆོས་ཀྱི་སྒོ་གཅིག་དང་མི་འགལ་བ་ལ་འཇུག་པའི་ཚུལ་ཁོང་དུ་ཆུད་པར་བསྟན་པས་བསྐལ་པ་བརྗོད་དུ་མེད་ཅིང་མི་ཟད་པ་རྣམ་པར་འཕྲུལ་བ། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་འཇུག་པ་ལ་སེམས་ཅན་མང་པོ་གཟུང་བའི་རྣམ་པར་འཕྲུལ་བ། ཆོས་ཐམས་ཅད་མཐའ་དང་དབུས་མེད་པར་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ། ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་མཐར་ཕྱིན་ཅིང་མཐའ་དང་དབུས་མེད་པའི་སྒྱུ་མའི་དྲ་བ་རྣམ་པ་ཐ་དད་པ་ལ་འཇུག་པ་མེད་པས་བསྐལ་པ་མུ་མེད་པར་མི་ཟད་པར་སེམས་ཅན་ལ་སྟོན་པའི་རྣམ་པར་འཕྲུལ་བའོ། །
Domain ཆོས་ལུགས།