18302
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། འདི་ཉིད་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག ངེས་དོན་དུ་སངས་རྒྱས་ཐམས་ཅད་ཀྱི་ཐོག་མ་ཉིད་ནས་སངས་རྒྱས་ཟིན་ཀྱང་། ཐུགས་རྗེ་ཆེན་པོའི་སྨོན་ལམ་གྱི་དབང་དང་གདུལ་བར་བྱ་བ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཟུང་དུ་འཇུག་པའི་རྟེན་འབྱུང་གི་དབང་ལས། གཞན་དོན་དུ་ལོངས་སྤྲུལ་གྱི་གཟུགས་སྐུ་གཉིས་སུ་སྣང་བ་ལས་མཆོག་གི་གདུལ་བྱ་རྣམས་ལ་ངེས་པ་ལྔ་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་ཡིན་ལ། ངེས་པ་ལྔ་ལྡན་གྱི་རྡོ་རྗེ་འཆང་འདི་ནི་ཀུན་རྫོབ་བརྡར་བཏགས་ཀྱི་རྡོ་རྗེ་འཆང་ངོ་། །སྐུ་གཉིས་ཟུང་འཇུག་གི་རྡོ་རྗེ་འཆང་དེ་ལ་འཕོ་འགྱུར་མི་མངའ་ཡང་། ཐུན་མོང་གི་གདུལ་བྱ་རྣམས་ཀྱི་དོན་དུ། ཤཱཀྱའི་རྒྱལ་པོ་ཉིད་དུ་སྤྲུལ་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་ཡིན་ཏེ། ལང་གཤེགས་ལས། སངས་རྒྱས་རྣམ་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་སངས་རྒྱའོ། །ཞེས་པའི་སྐུ་གསུམ་པོའང་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཉིད་དང་རྣམ་དབྱེར་མེད་པས་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། རིགས་ལྔ་འདུས་པས་རིགས་དྲུག་པ་རྡོ་རྗེ་འཆང་ངོ་། །མཚན་གྱི་རྣམ་གྲངས་གཞན་ཡང་། དཔལ་ཧེ་རུ་ཀ འཁོར་ལོ་བདེ་མཆོག དགྱེས་མཛད་རྡོ་རྗེ། གསང་བ་འདུས་པ། དུས་ཀྱི་འཁོར་ལོ་སོགས་ཀྱང་བཤད་ཀྱང་། དོན་དུ་བརྟན་གཡོ་ཐམས་ཅད་ཀྱི་མངའ་བདག རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཞི། སྲིད་ཞིའི་ཁྱབ་བདག་ཆེན་པོར་བཞུགས་པའོ། ། |
Domain | ཆོས་ལུགས། |
{{#arraymap:ཆོས་སྐུ་རྡོ་རྗེ་འཆང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྫོགས་ཆེན། ཉི་ཟླ་འབར་བའི་སྒྲོན་མ་ལས། རྡོ་ནི་སྙིང་པོ་འཕོ་འགྱུར་མེད་པ། རྗེ་ནི་འོད་གསལ་འགག་པ་མེད་པ་ལ་མ་བཅོས་པར་གནས་པའོ། །འཆང་བ་ནི་སྐལ་ལྡན་བླ་མའི་གདམས་ངག་འཆང་བའོ། །ཞེས་དང་། རྡོ་རྗེ་ཞེས་པ་ནི་སྙིང་པོ་འཕོ་འགྱུར་མེད་པ་ལ་བྱ། འཆང་ཞེས་པ་ནི་ཡེ་ཤེས་རྣམ་ལྔའི་དོན་འཆང་། ཞེས་གསུངས། སྤྱིར་ཉི་ཟླ་འབར་བའི་སྒྲོན་མ་ལས་རྒྱུད་ཚིག་འབྲུ་གཉེར་གྱིས་ཉན་ཐོས་ནས་སྤྱི་ཏི་ཡོ་གའི་བར་ཐེག་པ་རིམ་པ་བཅུའི་རྡོ་རྗེ་འཆང་དུ་རྣམ་པར་བཀྲལ་ཏེ་གསུང་ངོ་། ། |
{{#arraymap:ཆོས་སྐུ་རྡོ་རྗེ་འཆང་
|; |@@@ | | }}