1831

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་གྲགས་གསུང་གི་ཡིག་འབྲུ་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གཙོ་འཁོར་ཚུལ་དུ་བཞུགས་པའི་ཞི་ལྷ་ལྔའི་ས་བོན་གྱི་ཡིག་འབྲུ་ལྔ་སྟེ། ཨཱོྃ། ཛ། ཙ། ཚ། ཝ་དང་ལྔའོ། །དེ་དག་ནི་རིམ་པ་བཞིན་དུ། བྱེ་བྲག་དངོས་མེད། མེའི་ལྷ་མོ། ཞི་དལ་ཀུན་སྙོམས། སྒྲ་སྙན་ཤོལ་མོའམ་སྒྲ་ཡི་ལྷ་མོ། མུ་ཆོ་ལྡེམ་དྲུག་དང་ལྔའི་སྐྱེད་བྱེད་ཀྱི་ས་བོན་ཡིན་ནོ། །སྐྱེད་ཚུལ་ནི། དཀྱིལ་འཁོར་ནུབ་ཕྱོགས་ཀྱི་དབུས་ཀྱི་ལྟེ་བ་དང་། དེའི་བྱང་། ནུབ། ལྷོ། ཤར་གྱི་པད་མ་རྣམས་ལ་རིམ་བཞིན་དུ། ལྷ་ལྔ་གཙོ་འཁོར་དེ་རྣམས་ས་བོན་ཡིག་འབྲུ་དེ་ལྔ་ལས་མེ་ཤེལ་མུན་པ་ལ་ཕྱར་བ་ལྟར་བསྐྱེད་པར་གསུངས་སོ། །དགོས་པ་ནི། གཞུང་ལས། སེམས་ཅན་སྒྲིབ་པ་དག་ཕྱིར་བདག་གིས་གསལ་བར་བསྐྱེད། ཅེས་པ་ལྟར་རོ། །
Domain ཆོས་ལུགས།