18325
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བཞི་པའི་སྟོད་དུ་གཙང་དུ་འཁྲུངས། ཤངས་པ་བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་ཞིག་ཡིན། གཞོན་དུས་ནས་ཐར་པ་གླིང་དུ་བྱོན། མཁན་ཆེན་ཤེས་རབ་འོད་ཟེར་ལས་རབ་ཏུ་བྱུང། བསྙེན་པར་ཡང་རྫོགས། མཁན་ཆེན་ཤེས་རབ་རྡོ་རྗེ་སོགས་བླ་མ་མང་པོར་བསྟེན། དམ་ཆོས་ཀྱི་བཀའ་ལུང་རྒྱས་པར་གསན། ཆོས་རྗེ་འབར་ར་བ་ལས་རི་ཆོས་དང་། ཕྱག་ཆེན་སོགས་གསན། མནལ་གྱིས་མི་སྒྲིབ་པའི་འོད་གསལ་འཁྲུངས། ཕག་མོ་ཞལ་གཉིས་མའི་བསྙེན་སྒྲུབ་མཛད། གཤེད་དམར་ལ་བསྙེན་སྒྲུབ་འཐེམས་པར་མཛད། བྲག་པོ་ཅེ་བ་རྡོ་རྗེ་དཔལ་ལས་ཤངས་པ་བཀའ་བརྒྱུད་ཀྱི་ཐོན་མོང་མ་ཡིན་པའི་ཆོས་སྐོར་དང་། གཅོད་ཡུལ་སོགས་གསན་ནས་ཐུགས་ཉམས་སུ་ཡང་བཞེས། དུས་ཕྱིས་སུ་ཐེལ་གྱི་ཆོས་སྒོ་ལ་ཞུགས། གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ངང་རྒྱལ་གྱི་གཙུག་ལག་ཁང་དུ་ཕེབས། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཚེ་རྟོགས་པས་སྲིད་པ་གསུམ་པོ་ཟིལ་གྱིས་གནོན་པ་དང་། བྱིན་རླབས་ཀྱིས་རྡོ་རྗེའི་མཁའ་འགྲོ་མ་ཐམས་ཅད་འདུ་བ། མི་དང་། མི་མ་ཡིན་ཐམས་ཅད་ཀྱིས་མཆོད་པར་བྱ་བའི་ངོ་མཚར་བའི་རྣམ་ཐར་ཤིན་ཏུ་མང་། |