18326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཆུ་ལུག་ཕྱི་ལོ་ ༡༢༢༣ ལོར་འཁྲུངས། གདུང་རུས་གནུབས་ཡིན། གཞོན་དུས་སུ་གཅུང་རྡོ་རྗེ་གྲགས་པ་ལས་རབ་ཏུ་བྱུང་། ཐོག་ཁ་བ་རིན་ཆེན་སེང་གེ་ལས་བཀའ་བརྒྱུད་གོང་མའི་གདམས་ངག་རྣམས་གསན་པ་མཛད། མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཆེན་པོ་ཡིན། རེ་གཉིས་པར་འབྲི་གུང་བྱང་ཆུབ་གླིང་གདན་སར་ཕེབས། ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས། དགུང་ལོ་རེ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་སྟག་ཕྱི་ལོ་ ༡༢༩༠ ལོར་ས་སྐྱ་པས་འབྲི་གུང་ལ་དམག་དྲངས། འབྲི་གུང་པ་ཕམ་ཉེས་ཚབས་ཆེན་བྱུང་བ་ལ། འབྲི་གུང་གླིང་ལོག་ཅེས་བྱ། ཀོང་པོ་ཕྱོགས་སུ་བྲོས་བྱོལ་དུ་ཕེབས། ལོ་ལྔའི་རིང་འབྲི་གུང་གི་གདན་ས་བསྐྱངས། དོན་གཅིག་པ་རབ་བྱུང་ལྔ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༢༩༣ ལོར་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བདུན་པ་ཡིན། མཚན་གཞན། ཇོ་སྣུབས་རྡོ་རྗེ་ཡེ་ཤེས།